འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་23ཉིན།

༄༅།།ཀྲུང་གོས་ཏོག་གསར་གློ་ཚད་ནད་དུག་གི་རིམས་འགོག་སྨན་ཁབ་ཀྱི་དུས་ཐེངས་དང་པོའི་ནད་ཐོག་
སྨན་བཅོས་ཀྱི་ཚོད་ལྟ་བྱས་པར་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་23ཉིན། 14:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་ནས་ཟླ་5ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཚེས་22ཉིན་ཀྲུང་གོའི་ཞིབ་འཇུག་ཚོགས་པས་དབྱིན་ཇིའི་གསོ་རིག་དུས་དེབ《གཤག་གྲི》ཞེས་པའི་དུས་དེབ་ཐོག་སྙན་ཞུ་སྤེལ་ནས་བསྟན་དོན། ཁོ་ཚོས་ནད་དུག་གི་རིམས་འགོག་སྨན་ཁབ་ཅིག་ལ་དུས་ཐེངས་དང་པོའི་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟ་བྱས་ཡོད།  དེའི་མཇུག་འབྲས་ནི་རིམས་འགོག་སྨན་ཁབ་དེ་རིགས་བདེ་འཇགས་ཡིན་པ་མ་ཟད། མིའི་ལུས་པོའི་ནང་མགྱོགས་མྱུར་རིམས་འགོག་གི་ནུས་པ་ཐོན་པ་མངོན་ཡོད།
   དམག་དོན་ཚན་རིག་ཁང་གི་དམག་དོན་གསོ་རིག་ཞིབ་འཇུག་ཁང་སྐྱེ་དངོས་འདུ་འགོད་ཞིབ་འཇུག་ཁང་གི་ཡོན་ཧྲི་ཁྲེན་ཝུའེ་སོགས་ཀྱིས་སྣེ་ཁྲིད་པའི་ཚོགས་པས་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟ་དེ་བྱས་པ་རེད། ཚོད་ལྟའི་ཁྲོད་སྤྱོད་པའི་རིམས་འགོག་སྨན་ཁབ་ནི་གཤེར་རྨེན་ནད་དུག་གི་འདྲེན་བྱེད་དངོས་པོ་བསྐྱར་སྒྲིག་བྱས་པའི་ཏོག་གསར་རིམས་ནད་ཀྱི་རིམས་འགོག་སྨན་ཁབ་ཞིག་ཡིན།  ཚོགས་པས་ཚོད་ལྟའི་ཁྲོད་གཟུགས་གཞི་བདེ་ཐང་ཡིན་པའི་དང་བླངས་པ་108བསྡུས་པ་དང་། ཁོང་ཚོའི་ལོ་ཚད་ལོ་18ནས་60བར་ཡིན་ཞིང་། དང་བླངས་པ་འདི་དག་ཚོགས་ཆུང་མི་འདྲ་བར་བགོས་ནས་སྨན་ཚད་མི་འདྲ་བའི་རིམས་འགོག་སྨན་ཁབ་བརྒྱབ་ཡོད་པ་རེད།
   སྙན་ཞུའི་ནང་།  རིམས་འགོག་སྨན་ཁབ་བརྒྱབ་རྗེས་ཀྱི་ཉིན་ཉེར་བརྒྱད་ནང་། རིམས་འགོག་སྨན་ཁབ་དེའི་རིགས་ཀྱིས་སྨན་ཚད་མི་འདྲ་བའི་ཚོགས་ཆུང་ནང་བཟོད་ཐུབ་པའི་རང་བཞིན་ལེགས་པོ་མངོན་ཡོད་ལ་སྨན་ནད་ཐོན་པའི་སྣང་ཚུལ་ཚབས་ཆེན་གཅིག་ཀྱང་ལྷག་མེད་ཅེས་འཁོད་ཡོད།
   ཁྲེན་ཝུའེ་ཡིས་《གཤག་གྲི》ཞེས་པའི་དུས་དེབ་ཐོག་སྤེལ་བའི་གསར་འགྱུར་གྱི་མ་ཟིན་ནང་། སྐབས་དང་པོའི་ནད་ཐོག་ཚོད་ལྟ་ནས་ལྟས་ན་གཤེར་རྨེན་ནད་དུག་གི་འདྲེན་བྱེད་དངོས་པོ་བསྐྱར་བསྒྲིགས་བྱས་པའི་ཏོག་གསར་རིམས་ནད་ཀྱི་རིམས་འགོག་སྨན་ཁབ་དེས་ཉིན་14ཡི་ནང་ནད་དུག་འགོས་པའི་Tཕྲ་ཕུང་ཐོན་ཐུབ་པས། “འབྲས་བུ་དེ་དག་ལས་གལ་ཆེའི་ལོ་རྒྱུས་རང་བཞིན་གྱི་རྡོ་རིང་མཚོན་ཐུབ་”ཅེས་བརྗོད་ཡོད་པ་རེད།