འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་22ཉིན།

༄༅༎ལན་ཀྲོའུ་ནས་སྟོངས་ལ་ཉེ་བའི་སྐྱེ་དངོས་རིགས་ཀྱི་བཟོས་རྫས་མཚོ་རྟ་སྐམ་པོའི་གྱོད་གཞི་ཞིག་རྩད་ཆོད་པ་དང་
དེའི་རིན་ཐང་སྒོརཁྲི་60ལྷག་ཙམ་ཟིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་22ཉིན། 13:22】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཉེ་ཆར། ལན་ཀྲོའུ་འགག་སྒོའི་ལྐོག་འདྲེན་འཛིན་བཟུང་ཅུས་ཀྱིས་ས་གནས་སྤྱི་བདེ་ལས་ཁུངས་དང་མཉམ་འབྲེལ་ཐོག་ལན་ཀྲོའུ་གྲོང་ཁྱེར་གྱི་སྨན་རྫས་ཁྲོམ་ར་ཞིག་ནས་ལྐོག་འདྲེན་དང་ཁྲིམས་འགལ་ངང་ཕྱིར་ཚོང་བྱས་པའི་སྟོངས་ལ་ཉེ་བའི་སྐྱེ་དངོས་རིགས་ཀྱི་བཟོས་རྫས་མཚོ་རྟ་སྐམ་པོ་ཁག་གཅིག་རྩད་ཆོད་པ་རེད། ཞིབ་རྩད་བྱས་པ་བརྒྱུད། ཁྱོན་ཉེས་གསོག་དོགས་ཅན་3འཛིན་བཟུང་བྱས་པ་དང་། ལྐོག་འདྲེན་དང་འབྲེལ་བའི་མཚོ་རྟ་སྐམ་པོ་4300རྩད་ཆོད་ཅིང་། ལྗིད་ཚད་ཁྱོན་སྟོང་ཁེ་10.7ཡོད་པ་དང་གྱོད་གཞི་དང་འབྲེལ་བའི་རིན་ཐང་སྒོར་ཁྲི་60ལྷག་ཙམ་ཟིན་གྱི་ཡོད།
     མཚོ་རྟ་ནི《སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་རིགས་ཀྱི་རྒྱལ་སྤྱིའི་ཉོ་ཚོང་སྤྱི་ཆིངས(CITES)》ཀྱི་ཟུར་བཀོད་Ⅱཔའི་ནང་འཁོད་པའི་སྟོངས་ལ་ཉེ་བའི་སྐྱེ་དངོས་རིགས་ཀྱི་ཁོངས་སུ་གཏོགས་ཤིང་། མཚོ་རྟ་སྐམ་པོ་ནི་རྩ་ཆེའི་སྲོག་ཆགས་ཀྱི་བཟོས་རྫས་ཁོངས་སུ་གཏོགས་པ་དང་ཕྱིར་གཏོང་ནང་འདྲེན་བྱེད་ཆོག་པའི་དཔང་ཡིག་ཡོད་པ་ཕུད། ཉོ་ཚོང་བྱེད་སྟངས་གང་རུང་ངམ་ཡང་ན་སྟོངས་ཉེར་ཡོད་པའི་དངོས་རིགས་དང་དེའི་བཟོས་རྫས་འཁྱེར་བའམ་སྦྲག་ཐོག་ཏུ་བསྐུར་ནས་ཕྱིར་གཏོང་ནང་འདྲེན་བྱེད་པའི་བྱེད་སྤྱོད་ཚང་མ་ཁྲིམས་འགལ་ཡིན་པས་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ་རེད།