འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་22ཉིན།

༄༅།།ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུས། འཕྲིན་ཡིག་སྤྲིངས་ནས་ཕྱི་རྒྱལ་གྱི་སྲིད་ཏང་ལ་ཀྲུང་གོའི་
ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་བྱེད་ཐབས་དང་གྲུབ་འབྲས་ངོ་སྤྲོད་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་22ཉིན། 09:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་19ཉིན་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་འཚོག་ལ་ཉེ་བའི་སྐབས་སུ་ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུས་འཕྲིན་ཡིག་སྤྲིངས་ནས་འཛམ་གླིང་རྒྱལ་ཁབ་མང་པོའི་སྲིད་ཏང་ལ་ཀྲུང་གོས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ཁྲོད་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་སྐུལ་འདེད་བཏང་བའི་བྱེད་ཐབས་དང་གྲུབ་འབྲས་ངོ་སྤྲོད་བྱས་པ་རེད།
     ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའི་འཕྲིན་ཡིག་ནང་། མིག་སྔའི་དུས་བབ་འོག་ཇི་ལྟར་བྱས་ཏེ་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བ་རིམ་བཞིན་སླར་གསོ་བྱེད་པ་མ་ཟད། རིམས་ནད་བསྐྱར་ལོག་སྔོན་འགོག་ཀྱང་བྱེད་པ་ནི་རྒྱལ་ཁབ་ཁག་ལ་ཐུན་མོང་ཐོག་འཕྲད་པའི་འགྲན་སློང་ཞིག་རེད། ཀྲུང་གོ་གུང་ཁྲན་ཏང་གིས་འཛམ་གླིང་རྒྱལ་ཁབ་ཁག་གི་སྲིད་ཏང་དང་མཉམ་དུ་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ཁྲོད་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་དང་གྲུབ་འབྲས་ཐད་འབྲེལ་མཐུད་སྤེལ་རེས་དང་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་ནས་མིའི་རིགས་ཀྱི་བདེ་འཇགས་སྲུང་སྐྱོང་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་འཁོད་ཡོད་པ་རེད།