འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་22ཉིན།

༄༅༎རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐོན་ལས་ཕྱོགས་སྒྱུར་
རིམ་སྤོར་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ་བཟོ་སྐྲུན་ལས་རིགས་དང་འཕྲིན་གཏོང་ལས་རིགས་འཕེལ་རྒྱས་བརྟན་པོ་
ཡོང་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་འབྲེལ་ཡོད་གནས་ཚུལ་གྱི་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་22ཉིན། 09:43】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཟླ་5ཚེས་20ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་པེ་ཅིང་དུ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ་བཟོ་འཕྲིན་པུའི་པུའུ་ཀྲང་མེའོ་ཝུའེ་དང་། བཟོ་འཕྲིན་པུའི་གསར་འགྱུར་མགྲིན་ཚབ་པ་འཁོར་སྐྱོད་ལྟ་ཞིབ་ཚད་ལེན་མཐུན་སྦྱོར་ཅུས་ཀྱི་ཅུས་ཀྲང་ཧོང་ལི་པིན། བཟོ་འཕྲིན་པུའི་གསར་འགྱུར་མགྲིན་ཚབ་པ་ཆ་འཕྲིན་འཕྲིན་གཏོང་འཕེལ་རྒྱས་སིའི་སི་ཀྲང་ཝུན་ཁུའུ་བཅས་གདན་དྲངས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ་བཟོ་སྐྲུན་ལས་རིགས་དང་འཕྲིན་གཏོང་ལས་རིགས་འཕེལ་རྒྱས་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་བ་མ་ཟད་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད།