འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་21ཉིན།

༄༅།།ཇོ་མོ་གླང་མའི་མཐོ་ཚད་ཧོང་ཧའེ་རྒྱ་མཚོ་ནས་འཇལ་བ་རེད་དམ། རིགས་གཅིག་མཁས་པའི་གསལ་འགྲེལ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་21ཉིན། 13:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཇོ་མོ་གླང་མའི་མཐོ་ཚད་ཧོང་ཧའེ་རྒྱ་མཚོ་ནས་འཇལ་བ་རེད་དམ། རིགས་གཅིག་མཁས་པའི་གསལ་འགྲེལ།
   མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཉེ་ཆར། 2020ལོའི་ཇོ་མོ་གླང་མའི་མཐོ་ཚད་འཇལ་བའི་རི་འཛེག་རུ་ཁག་གིས་རི་རྩེར་འཛེག་མཁན་གྱི་མིང་ཐོ་ཡོངས་བསྒྲགས་བྱས་པ་རེད། ག་དུས་རི་རྩེར་འཛེགས་ཐུབ་མིན་ནི་ཚང་མས་དོ་སྣང་བྱ་ཡུལ་གཙོ་བོར་གྱུར་ཡོད། མིའི་གཟུགས་པོའི་རིང་ཚད་འཇལ་ན། རྐང་པ་ནས་མགོ་བར་འཇལ་ན་ཆོག  འཛམ་གླིང་གི་ཆེས་མཐོའི་རི་བོའི་“མཐོ་ཚད”འཇལ་ན། “མགོ་”དང་“རྐང་པ་”ཇི་ལྟར་གཏན་འཁེལ་བྱེད་དགོས་སམ། གལ་ཏེ་རི་རྩེར་འཛེགས་ནས་ཇོ་རིའི་“མགོ”རྙེད་ཀྱང་། འཛམ་གླིང་གི་ཆེས་མཐོའི་རི་བོའི“རྐང་པ་”ས་ཆ་གང་དུ་ཡོད་དམ། གསར་འགོད་པས་ཉེ་ཆར་འབྲེལ་ཡོད་རིགས་གཅིག་མཁས་པར་བཅར་འདྲི་བྱས་ནས། ཇོ་མོ་གླང་མའི་“མཐོ་ཚད”ཚད་འཇལ་གྱི་གཞུང་ལུགས་གསལ་འགྲེལ་གནང་རོགས་ཞུས་པ་ཡིན།
    རྒྱ་མཚོའི་ངོས་ལས་ས་བབས་མཐོ་ཚད་ས་ཆ་གང་ནས་བརྩི་དགོས་སམ།
    ཀྲུང་གོ་ཐིག་ལེན་རིས་འབྲི་ཚན་རིག་ཞིབ་འཇུག་ཁང་གི་ས་གཤིས་ཚད་ལེན་དང་སའི་གོ་ལའི་སྒུལ་ཤུགས་རིག་པའི་ཞིབ་འཇུག་ཁང་གི་འགོ་འཛིན། 2020ལོའི་ཇོ་མོ་གླང་མའི་མཐོ་ཚད་ཚད་འཇལ་ལག་རྩལ་མཐུན་སྦྱོར་ཚོགས་ཆུང་གི་ཙུའུ་ཀྲང་ཏང་ཡ་མིང་གིས། ཐིག་ལེན་རིས་འབྲིའི་བརྡ་ཆད་ནང་གི་“མཐོ་ཚད་”ནི་དུས་རྒྱུན་དུ་བཤད་པའི་“རྒྱ་མཚོའི་ངོས་ལས་ས་བབས་མཐོ་ཚད”ལ་ངོས་འཛིན་བྱེད་ཆོག་པ་དང་། དེའི་དམིགས་བསལ་རང་བཞིན་དེ་ཐོག་མའི་རྩིས་རྒྱག་གི་ངོས་ནས་མངོན་གྱི་ཡོད།
    “རང་རྒྱལ་གྱི་ཁྲིམས་བཀོད་མཐོ་ཚད་རྩིས་རྒྱག་གི་ངོས་ནི་ཧོང་ཧའེ་རྒྱ་མཚོའི་ཆ་སྙོམས་མཚོ་ངོས་ཡིན་པ་དང་། དེ་ནི་ཆིན་ཏའོ་གྲུ་ཁ་ཆེན་པོའི་རླབས་བཤེར་ས་ཚིགས་ཀྱིས་1952ལོ་ནས་1979ལོའི་རླབས་དཔྱད་དཔྱད་གཞིར་གཞིགས་ནས་རྩིས་རྒྱག་ཏེ་གཏན་འཁེལ་བྱས་པ་ཞིག་རེད།”ཏང་ཡ་མིང་གིས། གོ་བདེའི་ངང་བཤད་ན། ཇོ་རིའི་མཐོ་ཚད་ནི་ཇོ་རིའི་རྩེ་མོ་དང་ཧོང་ཧའེ་རྒྱ་མཚོའི་ཆ་སྙོམས་ཀྱི་རྒྱ་མཚོའི་ངོས་ཀྱི་བལྟོས་བཅས་ཀྱི་ཧེ་བག་དེ་ཡིན་པ་རེད། དེའི་ཕྱིར། རང་རྒྱལ་གྱིས་ཇོ་མོ་གླང་མའི་“མཐོ་ཚད”འཇལ་རྒྱུ་དེ་ཧོང་ཧའེ་རྒྱ་མཚོ་ནས་ཚད་འཇལ་བྱེད་དགོས་ཀྱི་ཡོད།  
   ཆིན་ཏའོ་ནས་འགོ་བརྩམས་པའི་“མཐུད་རྒྱུག་”
    ཇོ་མོ་གླང་མའི་“རྐང་པ་”རྙེད་ཡོད་། ཡིན་ན་ཡང་དེ་དང་རི་རྩེ་ཇི་ལྟར་འབྲེལ་མཐུད་བྱེད་དགོས་སམ་ཞེ་ན། ཏང་ཡ་མིང་གིས། ཧོང་ཧའེ་རྒྱ་མཚོའི་ཆ་སྙོམས་རྒྱ་མཚོའི་ངོས་དེ་རྒྱལ་ཡོངས་ས་གནས་ཁག་ཏུ་“མཐུད་རྒྱུག་”བྱས་ནས་བརྒྱུད་སྤྲོད་བྱེད་ཆོག་ཅིང་། དེ་སྐམ་ས་ཆེན་མོའི་ནང་ཁུལ་དུ་རྒྱུན་སྲིང་བྱེད་པ་ལྟར་ཡོད།  རྒྱ་མཚོའི་ངོས་ལས་བར་ཐག་རིང་བའི་དབང་དུ་བཏང་ནའང་། ས་ཆ་དེའི་ཧོང་ཧའེ་རྒྱ་མཚོའི་ཆ་སྙོམས་མཚོ་ངོས་ཀྱི་ལྟོས་བཅས་ཀྱི་མཐོ་ཚད་ཚད་འཇལ་བྱེད་ཐུབ་ཀྱི་ཡོད་པ་རེད།
    ཤེས་རྟོགས་བྱུང་བར་གཞིགས་ན། ཧོང་ཧའེ་རྒྱ་མཚོའི་་མཚོ་འགྲམ་གྱི་ཆིང་ཏའོ་ཀོན་ཞང་ཧྲན་རི་བོར་“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆུ་ཚད་ཚད་འཛིན་”ཞེས་བཀོད་ཡོད་པ་དང་། དེའི་མཐོ་ཚད་ནི་སྨི་72.26རེད། རྒྱལ་ཡོངས་ས་གནས་ཁག་གི་མཐོ་ཚད་ཚང་མ་གནས་འདི་ནས་ཚད་འཛིན་བྱས་ཏེ།  ཆུ་ཚད་འཇལ་ཐབས་ཀྱིས་རེ་རེ་བཞིན་འཇལ་གྱི་ཡོད་པ་རེད།
“ཇོ་མོ་གླང་མའི་མཐོ་ཚད་ནི་དུས་རྒྱུན་དུ་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་མཐོ་ཚད་རྨང་གཞིར་བྱས་ནས་བརྩིས་ཀྱི་ཡོད།”ཏང་ཡ་མིང་གིས། དེ་དང་ཆིན་ཏའོ་ཡི་ཆུ་ཚད་ཚད་འཛིན་བྱས་ནས་བརྩིས་པའི་མཇུག་འབྲས་གཅིག་པ་ཡིན་ཞེས་བརྗོད།
    འཁོར་སྐར་གྱི་གནས་གཏན་འཁེལ་ཚད་འཇལ་མཇུག་འབྲས་ནི་ཧོང་ཧའེ་རྒྱ་མཚོའི་ངོས་ནས་རྩིས་ཀྱི་མེད།  
    ཇོ་མོ་གླང་མའི་མཐོ་ཚད་ཚད་འཇལ་ནི་གཞིས་རྩེ་ནས་འགོ་བརྩམས་ཏེ། རིམ་པ་བཞིན་རི་རྩེ་བར་རྩིས་ཀྱི་ཡོད། རི་སྟེང་ཁོར་ཡུག་སྡུག་པས་ཆུ་ཚད་ཚད་འཇལ་ལ་འཚམ་གྱི་མེད་པས།  ཚད་འཇལ་མི་སྣས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་6000ཡས་མས་སུ་འབྲེལ་གནས་ཁག་གཅིག་གཏན་འཁེལ་བྱས་ཏེ། སླར་ཟུར་གསུམ་མཐོ་ཚད་འབྲེལ་མཐུད་ཚད་འཇལ་བྱས་ན་ཇོ་མོ་གླང་མའི་མཐོ་ཚད་འཇལ་ཐུབ་ཀྱི་ཡོད་པ་རེད།
    ཏང་ཡ་མིང་གིས། གོང་གསལ་ནི་སྲོལ་རྒྱུན་གྱི་ཚད་འཇལ་ལག་རྩལ་གྱི་ཚད་འཇལ་བརྒྱུད་རིམ་ཞིག་ཡིན། 2005ལོ་དང་ད་ཐེངས་ཀྱི་ཇོ་མོ་གླང་མའི་མཐོ་ཚད་ཚད་འཇལ་ཚང་མར་སྲོལ་རྒྱུན་དང་དེང་རབས་ཀྱི་ལག་རྩལ་སྣ་ཚོགས་ཕྱོགས་བསྡུས་བེད་སྤྱོད་བྱས་ཡོད་པས་དེ་བས་གནད་དུ་འཁེལ་བ་དང་བློས་འགེལ་ཆོག་པ་བྱུང་ཡོད། གྲུབ་འབྲས་སྣ་མང་གི་བསྡུར་ཚད་དང་ཞིབ་དཔྱད་ནི་དུས་ཡུན་རིང་པོའི་བརྒྱུད་རིམ་ཞིག་ཡིན་པས། ཇོ་མོ་གླང་མའི་མཐོ་ཚད་ཀྱི་གྲངས་ཚད་དེ་རི་རྩེར་འཛེགས་ནས་ཚད་ལེན་བྱས་རྗེས་འཕྲལ་དུ་ཁྱབ་བསྒྲགས་བྱེད་མི་སྲིད་ཅེས་བརྗོད།
    ས་གཞིའི་ཆུ་ཚད་ངོས་ནས་གཏན་འཁེལ་བྱས་ན་མཐོ་ཚད་ཚད་འཇལ་གྱི་ཞིབ་ཚགས་ཚད་ཇེ་མཐོར་མངོན་་གསལ་འགྲོ་ཐུབ།
   འོ་ན། GNSSཡི་ཚད་འཇལ་བའི་ས་གཞིའི་མཐོ་ཚད་རྒྱ་མཚོའི་ངོས་ཀྱི་མཐོ་ཚད་ལ་ཇི་ལྟར་བསྒྱུར་དགོས་ཟེར་ན། ཏང་ཡ་མིང་གིས་ངོ་སྤྲོད་བྱས་དོན། འདི་ལ་དེང་རབས་ས་གཞིའི་ཚད་འཇལ་གྱི་ལག་རྩལ་རྣམ་གྲངས་གཞན་ཞིག་སྤྱོད་དགོས་ཏེ། ས་གཞི་ཆེན་པོའི་ཆུ་ཚད་ངོས་ནས་གཏན་འཁེལ་བྱེད་དགོས། ཁོང་གིས། འདི་འདྲའི་སྤོ་སྒྱུར་རྒྱུས་ལོན་དགོས་ན། འགོ་བརྩམས་སའི་ངོས་ནས་བརྩི་དགོས་པ་དང་། ས་གཞིའི་མཐོ་ཚད་མགོ་བརྩམས་སའི་ངོས་ཏེ་སའི་གོ་ལའི་འཇོང་ཟླུམ་གཟུགས་ཡིན་ཞིང་། དེ་རྒྱ་མཚོའི་ངོས་ཀྱི་མཐོ་ཚད་རྩིས་འགོའི་ངོས་དང་འབྲེལ་བ་གང་ཡིན་ཞེ་ན།
    “ཧོང་ཧའེ་རྒྱ་མཚོའི་མཐོ་ཚད་ཀྱི་གཞི་རྩ་ནི་རང་རྒྱལ་གྱི་ཁྲིམས་བཀོད་མཐོ་ཚད་ངོས་ནས་བརྩི་དགོས་པ་དང་། འདིའི་ངོས་ཀྱི་འཐེན་ཤུགས་ནུས་པ་ཚང་མ་འདྲ་པོ་ཡིན། ང་ཚོས་ཇོ་མོ་གླང་མའི་ས་ཁུལ་དུ་འཐེན་ཤུགས་ཀྱི་ཚད་འཇལ་འདྲ་མིན་བྱས་པས་ས་ངོས་དེའི་འཐེན་ཤུགས་ནུས་པ་དང་འདྲ་བའི་གནས་མང་པོ་ཞིག་རྙེད་ཐུབ་ཀྱི་ཡོད་ཅིང་། གནས་དེ་དག་ནི་ཧོང་ཧའེ་རྒྱ་མཚོའི་མཐོ་ཚད་རྩ་བའི་ཚད་གཞི་ཇོ་མོ་གླང་མའི་བར་རྒྱུན་སྲིང་བྱས་པ་ཞིག་རེད། འདི་ནི་ཇོ་མོ་གླང་མའི་‘རྐང་པ’དངོས་རྙེད་པའི་ཐབས་ཤེས་གཞན་ཞིག་རེད་ཅེས་ཏང་ཡ་མིང་གིས་བཤད། གནས་འདི་ཚོས་གྲུབ་པའི་ངོས་ལ་ས་གཞིའི་ཆུ་ཚད་ངོས་ཅེས་འབོད་པ་དང་། ངོས་འདིའི་ཐོག་གི་རྒྱ་མཚོའི་ངོས་ཀྱི་ས་བབས་མཐོ་ཚད་ནི་སྨི་0ཡིན་པ་རེད།”
【1】  【2】  【3】
༄༅།།ཇོ་མོ་གླང་མའི་མཐོ་ཚད་ཧོང་ཧའེ་རྒྱ་མཚོ་ནས་འཇལ་བ་རེད་དམ། རིགས་གཅིག་མཁས་པའི་གསལ་འགྲེལ།