འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་21ཉིན།

༄༅།།ཁེན་ནི་ཡའི་མཁས་དབང་གིས། རིམས་ནད་ཀྱི་ཉམས་སད་ཐེག་ཐུབ་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དཔལ་
འབྱོར་ཚོང་དོན་འབྲེལ་བ་དེ་བས་ཟབ་ཏུ་འགྲོ་རྒྱུ་རེད་ཅེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་21ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ནེ་རོ་པི་ནས་གློག་འཕྲིན་འབྱོར་གསལ། ཁེན་ནི་ཡའི་ནེ་རོ་པི་སློབ་ཆེན་གྱི་རྒྱལ་སྤྱིའི་དཔལ་འབྱོར་མཁས་དབང་ཀའེ་ལི་ཞུང·དབྱི་ཅི་ཡཱ་ལཱ་ཡིས་ཉིན་ཤས་གོང་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཁོང་གིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དཔལ་འབྱོར་ཚོང་དོན་འབྲེལ་བར་ཏོག་གསར་རིམས་ནད་ཀྱི་ཉམས་སད་ཐེག་ཐུབ། རིམས་ནད་ཚོད་འཛིན་ཐུབ་རྗེས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དཔལ་འབྱོར་ཚོང་དོན་མཉམ་ལས་མགྱོགས་མྱུར་ཟབ་ཏུ་འགྲོ་ངེས་རེད་ཅེས་བརྗོད།
    དབྱི་ཅི་ཡཱ་ལཱ་ཡིས། ཀྲུང་གོ་ནི་ཨ་ཧྥེ་རི་ཁའི་འཛད་སྤྱོད་དངོས་ཟོག་གི་ཡོང་ཁུངས་གཙོ་བོ་དེ་རེད། རིམས་ནད་ཀྱི་ཤུགས་རྐྱེན་ཕོག་པའི་དབང་གིས་རྒྱལ་ཁབ་ཁག་གིས་རྒྱལ་སྤྱིའི་ཡུལ་སྐོར་དང་དངོས་ཟོག་སྐྱེལ་འདྲེན་ལ་ཚོད་འཛིན་བྱ་ཐབས་སྤྱད་པ་དེས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དཔལ་འབྱོར་ཚོང་དོན་འཕེལ་རྒྱས་ལའང་འགོག་རྐྱེན་འཕྲད་ཡོད་ཅེས་བརྗོད།
    ཁོང་གིས་འདི་ལོ་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་བཙུགས་ནས་ལོ་20འཁོར་བའི་ལོ་ཞིག་ཡིན། རིམས་ནད་མཇུག་འགྲིལ་རྗེས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་འགྲོ་རྒྱུ་རེད། “རིམས་ནད་ཀྱི་དུས་མཇུག་ཏུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དཔལ་འབྱོར་ཚོང་དོན་འབྲེལ་བ་དེ་བས་ཟབ་ཏུ་འགྲོ་རྒྱུ་ཡིན་པའི”ངོས་འཛིན་བྱས་པ་རེད།
    དབྱི་ཅི་ཡཱ་ལཱ་ཡིས། ཉེ་བའི་ལོའི་ནང་ཀྲུང་གོས་ཨ་ཧྥེ་རི་ཁར་སྔོན་ཐོན་གྱི་སྒྲིག་ཆས་དང་ལག་རྩལ་གྱི་རྒྱབ་སྐྱོར་བྱས་ཡོད། ཨ་ཧྥེ་རི་ཁ་བ་མང་ཆེ་བས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི་མདུན་ལམ་ལ་ལྟ་སྟངས་ཡག་པོ་འཛིན་གྱི་ཡོད་པ་དང་། ཀྲུང་གོའི་དབར་གྱི་དཔལ་འབྱོར་ཚོང་དོན་འབྲེལ་བ་སྲུང་སྐྱོང་དང་དེར་ཤུགས་སྣོན་རྒྱག་རྒྱུ་ནི་ཧ་ཅང་གལ་འགངས་ཆེན་པོ་ཡིན་པས་མ་འོངས་པར་ཕྱོགས་གཉིས་པོའི་མཉམ་ལས་ལ་སྐུལ་འདེད་ཟམ་མི་ཆད་པར་གཏོང་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བརྗོད།