འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་21ཉིན།

༄༅༎ཀྲེན་ཀྲོའུ་ནས་ཅི་ནན་དབར་གྱི་ལྕགས་ལམ་གྱི་ཀྲེན་ཀྲོའུ་རྨ་ཆུའི་ཟམ་ཆེན་གྱི་ཟམ་པ་གཙོ་བོ་ལྷུ་བསྒྲིགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་21ཉིན། 09:45】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎ཀྲེན་ཀྲོའུ་ནས་ཅི་ནན་དབར་གྱི་ལྕགས་ལམ་གྱི་ཀྲེན་ཀྲོའུ་རྨ་ཆུའི་ཟམ་ཆེན་གྱི་ཟམ་པ་གཙོ་བོ་ལྷུ་བསྒྲིགས་པ།
     ཟླ་5ཚེས་19ཉིན། ཀྲུང་གོ་ལྕགས་ལམ་ཟམ་ཆེན་ཅུས་ཀྱིས་སྒྲུབ་འགན་འཁུར་བའི་རྒྱལ་ཁབ་ཀྱི་ལས་གྲྭ་གཙོ་བོ་སྟེ་ཀྲེན་ཀྲོའུ་ནས་ཅི་ནན་དབར་གྱི་ལྕགས་ལམ་གྱི་ཀྲེན་ཀྲོའུ་རྨ་ཆུའི་ཟམ་ཆེན་གྱི་ཟམ་པ་གཙོ་བོའི་ལྕགས་གདུང་ལྷུ་སྒྲིག་བདེ་བླག་བྱུང་ཞིང་། ཀྲེན་ཀྲོའུ་ནས་ཅི་ནན་དབར་གྱི་ལྕགས་ལམ་གྱི་ཀྲེན་ཀྲོའུ་རྨ་ཆུའི་ཟམ་ཆེན་གྱི་ཟམ་པ་གཙོ་བོའི་རིང་ཚད་ལ་སྨི་2016ཡོད་པ་དེ་དག་གཞུང་ལམ་དང་ལྕགས་ལམ་སྟེང་འོག་རིམ་པ་ཉིས་བརྩེགས་བྱས་ནས་བསྐྲུན་པ་ཞིག་ཡིན་པ་དང་། ལྕགས་ལམ་གྱི་ལམ་ཐིག་བཞི་དང་རླངས་འཁོར་མྱུར་བགྲོད་ཀྱི་གཞུང་ལམ་དྲུག་ལྟར་འཆར་འགོད་བྱས་ཤིང་། འདི་ནི་ཨར་སྐྲུན་བྱེད་བཞིན་པའི་ཀྲེན་ཀྲོའུ་ནས་ཅི་ནན་དབར་གྱི་ལྕགས་ལམ་གྱི་ཀྲེན་ཀྲོའུ་རྨ་ཆུའི་ཟམ་ཆེན་ཡིན་པ།