མི་དམངས་དྲ་བ།

༄༅༎《ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་འགོག་རྒྱུའི་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གལ་
ཆེན་གཅེས་བཏུས》ཞེས་པའི་དཔེ་དེབ་དཔེ་སྐྲུན་བྱས་ནས་བཀྲམ་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་21ཉིན། 09:37】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་འགོག་རྒྱུའི་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གཅེས་བཏུས》ཞེས་པའི་དཔེ་དེབ་ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་བཀྲམ་པ་རེད།
     ཀྲུང་གུང་ཀྲུང་དབྱང་གིས་2019ལོ“གཞི་རིམ་གྱི་ཁུར་པོ་ཡང་གཏོང་ལོར”བརྩིས་ནས་གཞི་རིམ་ལ་རྙོག་དྲ་བཟོ་བའི་ཕྱི་ཚུལ་རིང་ལུཌ་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། འདི་ལོ་རང་རྒྱལ་གྱི་འཕེལ་རྒྱས་ལ་འཕྲད་པའི་ཉེན་ཁ་དང་འགྲན་སློང་ཆེ་རུ་ཕྱིན་པའི་ཁར་རིམས་ནད་ཀྱི་ཤུཌ་རྐྱེན་ཐེབས་པས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཡག་པོ་བསྒྲུབ་པར་དཀའ་གནད་དེ་བས་ཆེ་བས་ན་སྤྱོད་ཚུལ་བཟང་པོར་བརྟེན་ནས་ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་དགོས། ཉིན་ཤས་གོང་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས་བརྡ་ཐོ་བཀྲམ་ནས་གཞི་རིམ་ལ་རྙོག་དྲ་བཟོ་བའི་ཕྱི་ཚུལ་རིང་ལུགས་ཀྱི་གནད་དོན་རྒྱུན་མཐུད་ཐག་གཅོད་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་རྒྱུར་སྲ་ཞིང་བརྟན་པའི་སྤྱོད་ཚུལ་གྱི་འགན་ལེན་བྱེད་དགོས་ཞེས་རྒྱུན་མཐུད་ནན་བཤད་བྱས་ཡོད། 《རྣམ་བཤད་གཅེས་བཏུས》ཞེས་པའི་དཔེ་དེབ་འདི་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དེ་ཏང་ཡོངས་ཀྱིས་ཞི་ཅིན་ཕིང་གི་འབྲེལ་ཡོད་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཁྱད་བསད་བྱེད་པའི་བསམ་བློའི་ཆབ་སྲིད་ཀྱི་རྩ་བའི་རྨང་གཞི་བརྟན་དུ་གཏོང་བ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད།
     དེབ་འདིའི་ནང་ཞི་ཅིན་ཕིང་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་སྡོམ་ཚོགས་ཆེན་ཐོག་གི་གསུང་བཤད་ལེའུ་དང་པོར་བཞག་ཅིང་། ཆེད་དོན་དགུ་ལ་དབྱེ་བ་དང་། འབྲེལ་ཡོད་རྣམ་བཤད་གལ་ཆེན་གྱི་དུམ་མཚམས་182བསྡུས་པ། 2012ལོའི་ཟླ་11ཚེས་15ཉིན་ནས་2020ལོའི་ཟླ་4ཚེས་23ཉིན་བར་གྱི་ཞི་ཅིན་ཕིང་གི་གསུང་བཤད་དང་། སྙན་སྒྲོན། མཛུབ་སྟོན། མཆན་བཀོད་མཛུབ་སྟོན་སོགས་ཀྱི་ཚད་ལྡན་ཡིག་ཆ་གལ་ཆེན་ཁག་70ལྷག་ཙམ་ནས་བཏུས་ཡོད། དེའི་གྲས་ཀྱི་རྣམ་བཤད་གལ་ཆེན་མང་པོ་ཞིག་ནི་ཡོངས་བསྒྲགས་ངང་སྤེལ་ཐེངས་དང་པོ་ཡིན།

  
style="display:none;"