འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་20ཉིན།

༄༅།།རྒྱལ་ཡོངས་ཚོགས་འདུ་གཉིས་འཚོག་ཉེའི་མཚམས་སུ་མི་དམངས་དྲ་བའི་གསར་འགོད་པས་
ཁྱེད་ཉིད་འཐུས་མིའི་སྡོད་ཡུལ་དུ་ཁྲིད་རྒྱུ་ཡིན། 

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་20ཉིན། 13:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།རྒྱལ་ཡོངས་ཚོགས་འདུ་གཉིས་འཚོག་ཉེའི་མཚམས་སུ་མི་དམངས་དྲ་བའི་གསར་འགོད་པས་
ཁྱེད་ཉིད་འཐུས་མིའི་སྡོད་ཡུལ་དུ་ཁྲིད་རྒྱུ་ཡིན།
    མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་19ཉིན། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་འཚོག་ཉེའི་མཚམས་སུ། འཐུས་མིའི་སྡོད་ཁུལ་གྱི་གྲ་སྒྲིག་ལས་དོན་དང་འགྱུར་ལྡོག་གསར་པ་གང་ཡོད་མེད་ཐད་མི་དམངས་དྲ་བའི་གསར་འགོད་པས་ཁྱེད་ཉིད་ལ་པར་རིས་ཐོག་ནས་གསར་འགྱུར་སྤེལ་རྒྱུ་ཡིན།
    པེ་ཅིང་མགྲོན་ཁང་གི་སྡོད་གནས་སུ། བརྙན་ལམ་བཅའ་འདྲི་ཁང་སོགས་གྲ་སྒྲིག་ཨང་གསར་བྱས་ཟིན་པ་དང་། ཚོགས་ཆེན་གྱི་བླང་བྱ་ལྟར། ད་ལོ་སྨན་སྦྱོར་གྱིས་གཙོ་བོ་དྲ་རྒྱ་དང་། བརྙན་ལམ། ཡིག་ཐོག་སོགས་ནས་བཅར་འདྲི་བྱ་དགོས་པ་དང་། འཐུས་མི་སྡོད་སར་བརྙན་ལམ་བཅར་འདྲི་ཁང་བཀོད་སྒྲིག་བྱས་ནས། འཐུས་མི་ཚོས་བཅར་འདྲི་དང་ལེན་བྱེད་པར་སྟབས་བདེ་སྐྲུན་ཡོད།
    གསར་འགོད་པས་མཐོང་གསལ། པེ་ཅིང་མགྲོན་ཁང་གི་སྒོ་ཁར་ཚ་བ་ལྟ་ས་དང་། བདེ་འཇགས་ཞིབ་བཤེར་བྱ་ཡུལ་བཙུགས་ཡོད་པ་དང་དུས་མཚུངས། རིམས་ནས་སྔོན་འགོག་མི་སྣ་དང་ཉིང་སྐྱུར་བཤེར་འཇལ་དཔེ་ལེན་ས་ཚིགས་བཀོད་སྒྲིག་བྱས་འདུག སྡོད་སར་དུག་སེལ་ཡོ་ཆས་བཀོད་སྒྲིག་བྱས་ཡོད་པ་དང་།  གློག་སྐས་ནང་དུའང་རིམས་ནད་སྔོན་འགོག་བྱེད་ཐབས་བཙུགས་འདུག  
     མིག་སྔར། 《པེ་ཅིང་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་དོ་དམ་སྲོལ་ཡིག 》གསར་པ་ལག་བསྟར་བྱས་ཟིན་ཞིང་། ཚོགས་འདུ་གཉིས་ཀྱི་སྡོད་གནས་ཀྱིས་སྣེ་ཁྲིད་ནས་ལག་བསྟར་བྱེད་བཞིན་ཡོད་པ་དང་། ད་དུང་ཚོམས་ཆེན་ནང་གད་སྙིགས་རིགས་དབྱེའི་དྲིལ་བསྒྲགས་ལག་དེབ་བཞག་ནས། གད་སྙིགས་རིགས་དབྱེ་དང་ཉུང་དུ་གཏོང་བའི་དར་སྲོལ་གསར་པ་ཁྲིད་སྟོན་བྱེད་བཞིན་འདུག
【1】  【2】  【3】
༄༅།།རྒྱལ་ཡོངས་ཚོགས་འདུ་གཉིས་འཚོག་ཉེའི་མཚམས་སུ་མི་དམངས་དྲ་བའི་གསར་འགོད་པས་
ཁྱེད་ཉིད་འཐུས་མིའི་སྡོད་ཡུལ་དུ་ཁྲིད་རྒྱུ་ཡིན།