འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་20ཉིན།

༄༅།།བོད་ཤར་ཕྱོགས་ཀྱི་ས་གཞི་ཆེན་པོ་དབུལ་སྒྲོལ་བྱུང་བའི་བརྙན་པར།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་20ཉིན། 13:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་ཤར་ཕྱོགས་ཀྱི་ས་གཞི་ཆེན་པོ་དབུལ་སྒྲོལ་བྱུང་བའི་བརྙན་པར།
   མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ནི་རྒྱལ་མོ་རྔུལ་ཆུ་དང་། འབྲི་ཆུ། རྫ་ཆུ་གསུམ་སྣོལ་མཚམས་ཀྱི་འཕྲེད་རྒྱུག་རི་བོའི་ས་ཁུལ་དུ་ཆགས་ཡོད་ཅིང་། རྒྱ་མཚོའི་ངོས་ལས་ཆ་སྙོམས་མཐོ་ཚད་སྨི་3500ཡན་ཡོད། འདི་རུ་གྲོག་རོང་འཕྲེད་གཞུང་དང་། ས་རྒྱུ་ཞན་པ། འཚོ་གནས་ཀྱི་ཆ་རྐྱེན་ཞན་པས་བོད་ལྗོངས་སུ་དབུལ་ཕོངས་ཐོན་ཡུལ་མཐོ་བ་དང་། དབུལ་སྐྱོར་གྱི་མ་གནས་མཐོ་བ། དབུལ་སྒྲོལ་དཀའ་ཚེགས་ཆེ་ཤོས་ཀྱི་ས་ཁུལ་ཞིག་ཡིན་པ་རེད། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་བྱེད་འགོ་ཚུགས་པ་ནས་བཟུང་། ཆབ་མདོ་གྲོང་ཁྱེར་གྱིས་ཐོན་སྐྱེད་འཕེལ་རྒྱས་གཏོང་རྒྱུ་དེ་དབུལ་སྒྲོལ་གྱི་མ་རྩར་རྩིས་པ་དང་དུས་མཚུངས་སུ།  ལས་ཞུགས་གཞན་འགྱུར་དང་། གནས་སྤོས་དབུལ་སྐྱོར། སྐྱེས་ཁམས་དབུལ་སྐྱོར་སོགས་བྱ་ཐབས་སྣ་མང་ལག་བསྟར་བྱས་ནས། དབུལ་པོའི་མི་འབོར་དབུལ་སྒྲོལ་ཐུབ་པར་རོགས་རམ་བྱས་པ་རེད། 2016ལོ་ནས་བཟུང་། ཆབ་མདོ་གྲོང་ཁྱེར་གྱིས་དབུལ་པོའི་དུད་ཚང་ཁྲི་3.84དང་མི་ཁྲི་19.46ཉུང་དུ་བཏང་བ་དང་། དབུལ་པོའི་གྲོང་ཚོ་1127དབུལ་སྒྲོལ་བྱུང་བ་།  2019ལོར། ཆབ་མདོ་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་རྫོང་(ཆུས་)11ལ་གཞི་རྩའི་ཆ་ནས་དབུལ་པོ་མེད་པ་བཟོ་བའི་སྔོན་དཔག་དམིགས་ཡུལ་མངོན་འགྱུར་བྱུང་བ་དང་། ད་ཆ། བོད་ལྗོངས་ཀྱི་ཆབ་མདོ་གྲོང་ཁྱེར་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གོམ་སྟབས་བརྟན་པོ་སྤོ་བཞིན་ཡོད་ཅིང་། དངུལ་ཁུག་ནང་དངུལ་ཡོད་པ་དང་། ཁང་པ་ཡག་པོ་ཡོད་པ། ཡོང་འབབ་ཡོང་སའི་ལམ་བུ་མང་བ་བཅས་ཡོད་པས་ཆབ་མདོའི་མི་དམངས་ཀྱིས་དཀའ་སྤྱད་ཀྱི་ལག་གཉིས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་སྐྲུན་བཞིན་ཡོད། མཐུད་སྦྲེལ་བྱས་པའི་པར་རིས་འདིའི་གཡོན་ནི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་ལ་ཐོག་ཤང་ཙོང་པ་གྲོང་ཚོའི་གྲོང་མི་རྡོ་རྗེ་ཡིན་པ། གཡས་ནི་གོ་འཇོ་རྫོང་ངག་དབང་ཤང་གི་འབྲོག་ར་ཡིན་པ།
【1】  【2】  【3】  【4】  【5】
༄༅།།བོད་ཤར་ཕྱོགས་ཀྱི་ས་གཞི་ཆེན་པོ་དབུལ་སྒྲོལ་བྱུང་བའི་བརྙན་པར།