འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་20ཉིན།

༄༅༎རྒྱལ་ཡོངས་སུ་ནག་འབྲེལ་རྩ་འཛུགས་3120དང་གཤེད་འབྲེལ་ཉེས་གསོག་ཚོགས་པ་9888མེད་པ་བཟོས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་20ཉིན། 11:51】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
    མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་19ཉིན་གསར་འགོད་པར་རྒྱལ་ཡོངས་ནག་སེལ་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་གསལ། ད་ལོའི་ཟླ་4པའི་ཟླ་མཇུག་བར་རྒྱལ་ཡོངས་སུ་ནག་འབྲེལ་རྩ་འཛུགས་ཁྱོན་3120དང་། གཤེད་འབྲེལ་ཉེས་གསོག་ཚོགས་པ་9888མེད་པ་བཟོས་པ་དང་། ཉེས་གསོག་དོགས་ཡོད་པ་388442ཉེས་དོན་བཀག་ཉར་བྱས་པ་དང་། ནག་འབྲེལ་གཤེད་འབྲེལ་གྱི་རུལ་སུངས་དང“སྲུང་གདུགས”67190གྱོད་ཐོ་བཀོད་ནས་ཞིབ་བཤེར་ཐག་གཅོད་བྱས་ཡོད་པ་རེད།
    ཚེས་19ཉིན་རྒྱལ་ཡོངས་ནག་སེལ་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ལེའོ་ཉིང་སུང་ཆིའི་གྱོད་གཞི་དང་། ཧོ་ནན་ལི་ཧན་ཕུའུ་ཡི་གྱོད་གཞི། ཀོང་ཏུང་ཤེ་ཕེ་ཀྲུང་གི་གྱོད་གཞི། ཧའེ་ནན་ཧོང་ཧུང་ཧྥའི་གྱོད་གཞི་སོགས་ཁྲིམས་གཅོད་ནུས་པ་ཐོན་པའི་རྒྱལ་ཡོངས་ནག་སེལ་གཞུང་དོན་ཁང་གིས་སྒོ་བྱང་བཀལ་ནས་སྒྲུབ་རྒྱུར་ལྟ་སྐུལ་བྱེད་པའི་གྱོད་གཞི་4བརྡ་ཁྱབ་བཏང་བ་རེད།
    ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱི་དྲུང་ཆེ། རྒྱལ་ཡོངས་ནག་སེལ་གཞུང་ལས་ཁང་གི་ཀྲུའུ་རེན་ཁྲེན་དབྱི་ཤིན་གྱིས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་སྤེལ་བ་ནས་བཟུང་། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་མདུང་རྩེ་དེ་མི་དམངས་མང་ཚོགས་ཀྱིས་འཁོན་འཛིན་ཆེན་པོ་བྱེད་པའི་ནག་གཤེད་ཕྱོགས་སྟོབས་དང་དེའི“སྲུང་གདུགས”ལ་རྡུང་རྡེག་གཏོང་རྒྱུར་ཕྱོགས་ནས་སྤྱི་ཚོགས་ཀྱི་ཁོར་ཡུག་དང་། ཆབ་སྲིད་ཀྱི་ཁོར་ཡུག དཔལ་འབྱོར་གྱི་ཁོར་ཡུག་བཅས་ལེགས་བཅོས་བྱེད་པར་སྐུལ་འདེད་བཏང་ཡོད་པས། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་ཡོད་ཅེས་བརྗོད།
     ངོ་སྤྲོད་བྱས་པར་གཞིགས་ན། ཟླ་འདི་ནས་བཟུང་། རྒྱལ་ཡོངས་ཀྱི་ནག་སེལ་གཞུང་དོན་ཁང་གིས་ཟླ་རེར་སྒོ་བྱང་བཀལ་ནས་སྒྲུབ་རྒྱུར་ལྟ་སྐུལ་བྱས་པའི་གྱོད་གཞི་111ཁྲོད་ནས་གྱོད་གཞི་3ནས་4བར་འདེམས་ཏེ་ཁྱབ་བསྒྲགས་བྱས་ནས་མང་ཚོགས་ཀྱིས་དོ་ཁུར་བྱེད་སར་ཨ་ལན་སློག་རྒྱུ་དང་། གྱོད་གཞི་ཞིབ་གཅོད་ཀྱི་ཉམས་མྱོང་སྤེལ་རེས་བྱས་ནས། རྒྱལ་ཡོངས་ཀྱི་ནག་སེལ་གཞུང་དོན་ཁང་གིས་སྒོ་བྱང་བཀལ་ནས་ནག་འབྲེལ་གཤེད་འབྲེལ་གྱོད་གཞི་བརྒྱ་དང་། ཞིང་ཆེན་རིམ་པས་སྒོ་བྱང་བཀལ་ནས་ནག་འབྲེལ་གཤེད་འབྲེལ་གྱོད་གཞི་སྟོང་། རྒྱལ་ཡོངས་ཀྱིས་ནག་འབྲེལ་གཤེད་འབྲེལ་གྱོད་གཞི་ཁྲི་ཁྲིམས་ལྟར་མགྱོགས་མྱུར་ཐག་གཅོད་བྱ་རྒྱུར་སྐུལ་ཁྲིད་བྱས་ནས་འདི་ལོའི“གཅིག་བཅུ་བརྒྱ་སྟོང་ཁྲིའི”བྱ་སྤྱོད་ཀྱི་དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་ཐུབ་པའི་འགན་ལེན་བྱ་རྒྱུ་རེད།
    ཁྲེན་དབྱི་ཤིན་གྱིས། ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱིས་སྒོ་བྱང་བཀལ་ནས་སྒྲུབ་རྒྱུར་ལྟ་སྐུལ་བྱེད་པའི་གྱོད་གཞི་སྒྲུབ་ཚུལ་དུས་བདེ་འཛུགས་སྐྲུན་གྱི་དཔྱད་ཞིབ་ནང་དོན་ནང་བཅུག་ཟིན་པ་དང་། སྒོ་བྱང་བཀལ་ནས་སྒྲུབ་རྒྱུར་ལྟ་སྐུལ་བྱེད་པའི་གྱོད་གཞི་སྒྲུབ་གཉེར་བྱེད་འགོར་རིགས་ལ་ལྟ་སྐུལ་སློབ་སྟོན་ཚོ་ཆུང་ཆེད་མངགས་མངགས་ནས་གཙོ་གནད་དུ་ལྟ་སྐུལ་སློབ་སྟོན་བྱེད་དུ་འཇུག་དགོས་པ་དང་། རང་འགན་གཞན་དཀྲི་དང་འགན་ཤོར་ལས་འཛོལ་རིགས་ལ་འགན་འཁྲི་རྩད་གཅོད་ནན་པོ་བྱེད་དགོས་ཞེས་བརྗོད།
     ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཟླ་4ཚེས་9ཉིན། རྒྱལ་ཡོངས་ནག་སེལ་གཞུང་ལས་ཁང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་སྤྱི་བདེ་པུའུ་ཡིས་ནག་ཚོགས་དང་འབྲེལ་བའི་བྲོས་བྱོལ་མི་སྣ་1712དམིགས་ཡུལ་དུ་བྱས་ཏེ་རྒྱལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་སྒྲིག་འཛུགས་བྱས་ནས་ནག་སེལ་གཤེད་བཅོམ་གྱི“བྲོས་བྱོལ་ཉེས་ཅན་གཙང་སེལ”གྱི་བྱེད་སྒོ་སྤེལ་ནས། ནག་འབྲེལ་གཤེད་འབྲེལ་གྱི་བྲོས་བྱོལ་མི་སྣར་ཕར་རྒོལ་དྲག་པོ་བྱས་ཡོད། མིག་སྔའི་བར་མངའ་ཁོངས་ནང་གི་བྲོས་བྱོལ་ཉེས་ཅན་1481ནང་མི་987ཁྲིམས་སར་འབྱོར་བ་དང་། ཁྲིམས་སར་འབྱོར་ཚད་66.6%ཟིན་ཡོད། མངའ་ཁོངས་ཕྱིར་བྲོས་བྱོལ་དུ་སོང་བའི་ཉེས་ཅན་ཁྲིམས་སར་འབྱོར་བ་37ཡོད། དེའི་ནང་Aརིམ་པའི་འཇུ་བཟུང་བཀའ་རྒྱ་22ནང་གི་ཉེས་ཅན་པ་14ཁྲིམས་སར་འབྱོར་ཡོད་པ་རེད།
     སྤྱི་བདེ་པུའུ་ཡི་པུའུ་ཀྲང་གཞོན་པ། རྒྱལ་ཡོངས་ནག་སེལ་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ཏུའུ་ཧང་ཝུའེ་ཡིས་གོམ་སྟབས་རྗེས་མར་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་བྲོས་འདེད་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ། རྩ་འཛུགས་ཀྱི་འགོ་ཁྲིད་དང་། ལས་ཀའི་བྱེད་ཐབས། ཚན་རྩལ་གྱི་འདེགས་སྐྱོར་བཅས་དང་དེ་བཞིན་རྒྱལ་སྤྱིའི་མཉམ་ལས་ལ་གོམ་གང་མདུན་སྤོས་ངང་ཤུགས་སྣོན་བརྒྱབ་ནས་ནག་འབྲེལ་གཤེད་འབྲེལ་གྱི་བྲོས་བྱོལ་ཉེས་ཅན་གཙང་སེལ་ཐུབ་རྒྱུའི་འབད་བརྩོན་བྱ་རྒྱུ་རེད་ཅེས་བརྗོད་པ་རེད།