འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་20ཉིན།

༄༅།།ཨིར་ལན་གྱི་འཕྲོད་བསྟེན་པུའུ་ཀྲང་གིས་བརྗོད་དོན། ཏོག་གསར་གློ་ཚད་རིམས་ནད་ཆབ་
སྲིད་ཅན་དུ་གཏན་ནས་འགྱུར་དུ་འཇུག་གི་མིན།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་20ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཏུ་པོ་ལིན་ནས་ཟླ་5ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཚེས་18ཉིན་ཨིར་ལན་གྱི་འཕྲོད་བསྟེན་པུའུ་ཀྲང་ཤིས་མོང·ཧ་ལི་སིས་ཨིར་ལན་གྱིས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཕྱོགས་སུ་བརྟན་པོར་ལངས་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱས་ནས་ཏོག་གསར་གློ་ཚད་རིམས་ནད་ཆབ་སྲིད་ཅན་དུ་གཏན་ནས་འགྱུར་དུ་འཇུག་གི་མིན་ཞེས་བརྗོད་པ་རེད།
     ཧ་ལི་སིས་དེ་ཉིན་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ལ་མ་ཞུགས་གོང་གསལ་བསྒྲགས་སྤེལ་ཏེ། འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་གྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་དེའི་ཁོངས་མིའི་རྒྱལ་ཁབ་ཀྱིས་མིག་སྔའི་གོ་ལ་ཧྲིལ་པོའི་ཁ་ཚ་དགོས་གཏུག་གི་འཕྲོད་བསྟེན་གནད་དོན་ལ་མཉམ་དུ་ཁ་གཏད་གཅོག་པར་གོ་སྐབས་གལ་ཆེན་མཁོ་འདོན་བྱས་ཡོད། གོ་ལ་ཧྲིལ་པོར་འཇིགས་སྐུལ་བཟོ་བའི་ཏོག་གསར་གློ་ཚད་ཁྱབ་མཆེད་འགྲོ་ཆེ་བར་དམིགས་ཏེ་ང་ཚོས་མུ་མཐུད་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་དགོས། ཉམས་ཉེན་ཆེན་པོ་དེའི་མདུན་དུ་ང་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱེད་དགོས་པ་ལས་ཁ་ཕྲལ་གཏོང་རྒྱུ་མེད། ང་ཚོས་ཏོག་གསར་གློ་ཚད་རིམས་ནད་ཆབ་སྲིད་ཅན་དུ་གཏན་ནས་འགྱུར་དུ་འཇུག་གི་མིན། ཨིར་ལན་གྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཕྱོགས་སུ་བརྟན་པོར་ལངས་རྒྱུ་ཡིན་ཞེས་བརྗོད་པ་རེད།
     ཧ་ལི་སིས་ཚོགས་ཆེན་ཐོག་གཏམ་བཤད་གནང་སྐབས། ཨིར་ལན་ཕྱོགས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་ཀྱི་རིམས་འགོག་སྨན་ཁབ་དང་། སྨན་བཅོས་བྱ་ཐབས། སྒྲིག་ཆས་སོགས་འདྲ་མཉམ་ངང་རག་རྒྱུ་འགན་ལེན་བྱེད་པའི་གནད་དོན་ཐད་ཀྱི་ལངས་ཕྱོགས་རྒྱས་བཤད་གཏིང་ཟབ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།