འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་20ཉིན།

༄༅།།རི་པིན་དུ་ཉིན་དེ་རང་ལ་གཏན་འཁེལ་བྱུང་བའི་ཏོག་གསར་ནད་དཔེ་མང་དུ་འགྲོ་ཚད་ཟླ་
བ་གཉིས་ཙམ་རིང་གི་དམའ་ཤོས་སུ་སླེབས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་20ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཐོ་ཁེའོ་ནས་ཟླ་5ཚེས་18ཉིན་གློག་འཕྲིན་འབྱོར་གསལ། རི་པིན་རླུང་འཕྲིན་མཐུན་ཚོཌ་བརྙན་འཕྲིན་ལས་ཁུངས་ཀྱི་བསྡོམས་རྩིས་ལྟར་ན། ཚེས་18ཉིན་གྱི་ཆུ་ཚོད་10དང་སྐར་མ་30(པེ་ཅིང་གི་ཆུ་ཚོད་9དང་སྐར་མ་30)ཡི་བར། རི་པིན་དུ་ཆུ་ཚོད་24རིང་གཏན་འཁེལ་བྱུང་བའི་ཏོག་གསར་ནད་དཔེ་27མང་དུ་ཕྱིན་པ་དེ་ཟླ་བ་གཉིས་ཙམ་རིང་གི་དམའ་ཤོས་ཡིན་པ་དང་རིམ་རྩིས་བྱས་ན་གཏན་འཁེལ་བྱུང་བའི་ནད་དཔེ་16337ཟིན་ཡོད། གྲོངས་པའི་ནད་དཔེ་8མང་དུ་ཕྱིན་པས་རིམ་རྩིས་བྱས་ན་གྲོངས་པའི་ནད་དཔེ་756སྤེལ་བ་རེད།