འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་20ཉིན།

༄༅༎ཁྲུང་ཆིང་གིས་དངུལ་རྩར་བརྟེན་ནས་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་བཏང་སྟེ་ཞིང་པ་དབུལ་སྒྲོལ་
འབབ་འཕར་ཡོང་བའི་རམ་འདེགས་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་20ཉིན། 09:22】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ད་ཕན་ལོ་ཤས་རིང་ཀྲུང་གོ་ཞིང་ལས་དངུལ་ཁང་ཁྲུང་ཆིང་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས་ཧེ་བག་ཅན་གྱི་ཡིད་རྟོན་དངུལ་བུན་གྱི་སྲིད་ཇུས་ལག་ལེན་བསྟར་ཏེ། དབུལ་སྐྱོར་གྱི་གྲངས་ཉུང་དངུལ་བུན་དང་དྲ་ཐོག་གི་ཡིད་རྟོན་དངུལ་བུན་ཐོན་རྫས“ཞིང་ཕན་གྱི་eབུན་གཏོང”སོགས་གྲོང་གསེབ་ཁུལ་ལ་ཕྱོགས་པའི་དངུལ་རྩའི་ཐོན་ལས་ཁྱབ་གདལ་བཏང་ནས་ཞིང་པ་དང་གྲོང་ཚོའི་མཉམ་སྡེབ་ཀྱིས་ཐོན་ལས་རྒྱ་སྟོབས་ཆེ་རུ་བཏང་ནས་དབུལ་སྒྲོལ་འབབ་འཕར་ཡོང་བར་རམ་འདེགས་བྱས་པ་རེད། མིག་སྔའི་བར་ཀྲུང་གོ་ཞིང་ལས་དངུལ་ཁང་ཁྲུང་ཆིང་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས་ཞིང་ཕན་ཞབས་ཞུ་ས་ཚིགས་8184བཙུགས་པས་རྨང་གཞིའི་དངུལ་རྩའི་ཞབས་ཞུ་སྲིད་འཛིན་གྲོང་ཚོ་ཡོངས་ལ་ཁྱབ་ཡོད་པ་རེད། ཁྲུང་ཆིང་གྲོང་ཁྱེར་ཕུང་ཧྲུའེ་མེའོ་རིགས་ཐུའུ་ཅ་རིགས་རང་སྐྱོང་རྫོང་ཏཱ་ཡ་ཤང་མུའུ་ལཱ་གྲོང་ཚོའི་གྲོང་མི་ཝང་ཐེན་ཕེ་ཡིས་ཀྲུང་གོ་ཞིང་ལས་དངུལ་ཁང་ཁྲུང་ཆིང་ཕུང་ཧྲུའེ་ཉིང་ལག་དངུལ་ཁང་གི་དབུལ་སྐྱོར་གྲངས་ཉུང་དངུལ་བུན་གྱི་རྒྱབ་སྐྱོར་འོག་བ་ཕྱུགས་གསོ་ཚགས་བྱས།