འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་19ཉིན།

༄༅༎ཡུན་ནན་ཞིང་ཆེན་དུ་སླར་ཡང་རྫོང་དབུལ་པོ་ 31དབུལ་སྒྲོལ་ཐུབ་ཡོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་19ཉིན། 09:28】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     2015ལོ་ནས་བཟུང་། ཡུན་ནན་ཞིང་ཆེན་ཡོངས་སུ་ད་ལྟ་ལག་བསྟར་བྱེད་བཞིན་པའི་ཚད་གཞིའི་འོག་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་རིམ་རྩིས་བྱས་ན་མི་ཁྲི་613.8དབུལ་སྒྲོལ་བྱུང་ནས་ལོར་ཆ་སྙོམས་དབུལ་པོ་ཁྲི་120ཡན་ཉུང་དུ་སོང་བ་དང་། དབུལ་པོར་འགྱུར་ཚད་ནི་2014ལོའི་ལོ་མཇུག་གི་17.09%ནས་2019ལོའི་ལོ་མཇུག་གི་1.32%བར་དམའ་རུ་སོང་ཞིང་། གྲོང་ཚོ་དབུལ་པོ་8502ནང་ནས་གྲོང་ཚོ་8073དབུལ་པོའི་གྲས་ནས་དོན་ཡོད།
     འདི་ག་ཚགས་པར་ཁང་དུ་ཁུན་མིང་ནས་ཟླ་5ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན་ཡུན་ནན་ཞིང་ཆེན་གྱིས་ཁྱབ་བསྒྲགས་བྱས་དོན། རྫོང་རིམ་པའི་འདུན་ཞུ་དང་། ཀྲོའུ་དང་གྲོང་ཁྱེར་གྱི་དཔྱད་ཞིབ། ཞིང་ཆེན་རིམ་པའི་ཞིབ་དཔྱད་དང་ཕྱོགས་གསུམ་པའི་ས་ཆ་དངོས་ཀྱི་ཚོད་སྐོར་ཞིབ་བཤེར་སོགས་བརྒྱུད་དེ་ཀྲའོ་དབྱང་ཆུས་སོགས་རྫོང(གྲོང་ཁྱེར་དང་ཆུས)31རྫོང་དབུལ་པོའི་གྲས་ནས་དོན་རྒྱུར་དངོས་སུ་ཆོག་མཆན་ཐོབ་ཡོད། མིག་སྔའི་བར་ཞིང་ཆེན་དེ་ཡོངས་ཀྱི་རྫོང་དབུལ་པོ་88ཀྱི་ནང་ནས་རྫོང་དབུལ་པོ་79བདེ་བླག་ངང་དབུལ་སྒྲོལ་ཐུབ་ཡོད་པ་རེད།
     ཡུན་ནན་ནི་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གཡུལ་ས་གཙོ་བོའི་གྲས་ཤིག་རེད། 2015ལོ་ནས་བཟུང་། ཞིང་ཆེན་ཡོངས་སུ་ད་ལྟ་ལག་བསྟར་བྱེད་བཞིན་པའི་ཚད་གཞིའི་འོག་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་རིམ་རྩིས་བྱས་ན་མི་ཁྲི་613.8དབུལ་སྒྲོལ་བྱུང་ནས་ལོར་ཆ་སྙོམས་དབུལ་པོ་ཁྲི་120ཡན་ཉུང་དུ་སོང་བ་དང་། དབུལ་པོར་འགྱུར་ཚད་ནི་2014ལོའི་ལོ་མཇུག་གི་17.09%ནས་2019ལོའི་ལོ་མཇུག་གི་1.32%བར་དམའ་རུ་སོང་ཞིང་། གྲོང་ཚོ་དབུལ་པོ་8502ཀྱི་ནང་ནས་གྲོང་ཚོ་8073དབུལ་པོའི་གྲས་ནས་དོན་ཡོད་པ་རེད།
     ད་ཆ་ཡུན་ནན་གྱི་ས་ཁུལ་དབུལ་པོའི་མང་ཚོགས་འགྲོ་སྐྱོད་དཀའ་བ་དང་། གློག་སྤྱོད་དཀའ་བ། སློབ་གྲྭ་འགྲིམ་དཀའ་བ། ནད་བསྟེན་དཀའ་བ། འཕྲིན་གཏོང་དཀའ་བ་སོགས་ཡུན་རིང་ཐག་གཅོད་ཐུབ་མེད་པའི་རྙིང་ཆེ་དཀའ་གསུམ་གྱི་གནད་དོན་ཡོངས་ཁྱབ་ཐག་གཅོད་བྱས་པས་ས་ཁུལ་དབུལ་པོར་འཕེལ་རྒྱས་ཀྱི་རྣམ་པ་མངོན་ཡོད། ཞིང་ཆེན་ཡོངས་ཀྱི་རྫོང་དབུལ་པོ་88དུ་རྫོང་ཁོངས་ཀྱི་འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་བྱུང་ནས་རྫོང་དབུལ་པོའི་རྫོང་དང་ཤང་དེ་བཞིན་གྲོང་ཚོ་བཅས་ཀྱི་སྨན་བཅོས་སྒྲིག་གཞི་ཡོངས་ཚད་གཞི་ལོན་ཡོད། མི་འབོར་དབུལ་པོ་ཁྲི་99.6དང་མཉམ་སྤོས་མི་འབོར་ཁྲི་50ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་པ་མ་ཟད། རིམ་རྩིས་བྱས་ན་དུད་ཚང་ཁྲི་130ཡི་མི་ཁྲི་500ལ་གྲོང་གསེབ་ཀྱི་ཉེན་ཡོད་ཁང་པ་སྒྱུར་བཀོད་བྱས་པ་དང་། གྲོང་གསེབ་ཀྱི་མི་འབོར་ཁྲི་1363.3གྱི་འཐུང་ཆུའི་བདེ་འཇགས་འགན་སྲུང་གི་ཆུ་ཚད་མཐོ་རུ་བརྟན་པོར་བཏང་བ། ཞིང་ཆེན་ཡོངས་ཀྱི་ས་ཁུལ་དབུལ་པོའི་ཞིང་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་10771བར་མང་དུ་སོང་ཡོད་པ་རེད།
     ཡུན་ནན་གྱིས་ཤིན་ཏུ་དབུལ་བའི་ས་ཁུལ་དང་ཤིན་ཏུ་དབུལ་བའི་ཚོགས་སྤྱིའི་གནད་དོན་ཐག་གཅོད་བྱེད་པ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས། ཤིན་ཏུ་དབུལ་བའི་རྫོང་27ལ་རྫོང་རེར་ཞིང་ཆེན་རིམ་པའི་འགོ་ཁྲིད་རེས་འགན་གཅིག་ལྕོགས་འཁུར་བ་དང་། གཙོ་གནད་ལས་འགན་རེའི་གསལ་ཐོས“ཐ་སྐྱོང་བ” ལྟ་ཞིབ་ཚད་ལེན་གྱི་མ་ལག་རེས་རྗེས་སྙེག་བཅས་ལག་བསྟར་བྱས་པ་དང་། “སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”གྱི་མི་འདང་ས་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་ཐ་སྐྱོང་དང་ཐག་གཅོད་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་མི་འབོར་དབུལ་པོ་མི་ཁྲི་250.3ནས་མི་ཁྲི་36.5བར་ཉུང་དུ་སོང་བ་དང་། དབུལ་པོར་འགྱུར་ཚད་24.13%ནས་3.52%བར་དམའ་རུ་ཕྱིན་ཡོད། ཤིན་ཏུ་དབུལ་བའི་གྲོང་ཚོ་3539ཡི་ནང་ནས་གྲོང་ཚོ་3158དབུལ་པོའི་གྲས་ནས་དོན་པ་དང་། ཤིན་ཏུ་དབུལ་བའི་རྫོང་27གྱི་ཁྲོད་ནས་རྫོང་19ཡིས་དབུལ་ཞྭ་ཕུད་ཡོད་པ་རེད།
     དེ་དང་དུས་མཚུངས་སུ་ཡུན་ནན་གྱིས“མི་རིགས་གཅིག་ལ་བྱ་སྤྱོད་ཀྱི་འཆར་གཞི་གཅིག་དང་། མི་རིགས་གཅིག་ལ་ཚོགས་པ་གཅིག་གིས་རོགས་སྐྱོར”བྱེད་སྟངས་ལག་བསྟར་བྱས་ཏེ“ཐད་བརྒལ་མི་རིགས”11དང་མི་འབོར་ཅུང་ཉུང་བའི་མི་རིགས་དབུལ་པོར་འགྱུར་ཚད་2.41%བར་དམའ་རུ་སོང་ཞིང་། ཏུའུ་ལུང་དང་། ཅི་ནུའོ། ཏེ་ཨང་། ཨ་ཁྲང་། པུའུ་ལང་། ཕུའུ་སྨི། ཅིང་ཕོ། དབའ། ལ་ཧུའུ་བཅས་མི་རིགས་9ཡོངས་སུ་དབུལ་སྒྲོལ་ཐུབ་ཡོད་པ་རེད།