འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་19ཉིན།

༄༅༎རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོར། “མངོན་མིན་རིག་གནས་ཤུལ་བཞག་གི་ཅ་དངོས་ཉོ་སྒྲུབ་དུས་ཆེན”
དང“དྲ་ཐོག་ཏུ་མངོན་མིན་རིག་གནས་ཤུལ་བཞག་ལ་ཡུལ་སྐོར་བྱེད”སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་19ཉིན། 09:26】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་17ཉིན་གློག་འཕྲིན་འབྱོར་གསལ། 2020ལོའི་ཟླ་6ཚེས་13ཉིན་ནི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ”རེད། སྐབས་དེར་རིག་གནས་དང་ཡུལ་སྐོར་པུའི་མངོན་མིན་རིག་གནས་ཤུལ་བཞག་ཀུང་སི་དང་། ཚོང་དོན་པུའི་འཁོར་རྒྱུག་འཕེལ་རྒྱས་སི། དྲ་ཐོག་ཚོང་དོན་སི། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གི་གསར་སྤེལ་མཛུབ་ཁྲིད་སི་བཅས་ཀྱི་རྒྱབ་སྐྱོར་འོག ཨ་ལི་པཱ་པཱ་དང་། ཅིང་ཏུང་། སུའུ་ཉིང་། ཕིང་ཏུའོ་ཏུའོ། མོས་ཚོགས། འཁྱུག་ལག ཏུང་ཅ་སོགས་དྲ་རྒྱའི་ལས་སྟེགས་ཀྱིས་མཉམ་དུ“མངོན་མིན་རིག་གནས་ཤུལ་བཞག་གི་ཅ་དངོས་ཉོ་སྒྲུབ་དུས་ཆེན”གཉེར་རྒྱུ་རེད། མངོན་མིན་རིག་གནས་ཤུལ་བཞག་གི་འབྲེལ་ཡོད་ཚན་པ་དང་། ཁེ་ལས། མངོན་མིན་རིག་གནས་ཤུལ་བཞག་དབུལ་སྐྱོར་ལས་ཞུགས་བཟོ་ཁང་བཅས་ཀྱིས་དྲ་རྒྱའི་ལས་སྟེགས་ཁག་ཏུ་ཕྱིར་འཚོང་བྱེད་སྒོ་སྤེལ་རྒྱུ་རེད། དེ་དང་དུས་མཚུངས་ས་ཁུལ་ཁག་གིས་ཀྱང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བདེ་འཇགས་ལས་དོན་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ལོ་རྒྱུས་དང་རིག་གནས་ཀྱི་ཁྲོམ་གཞུང་དང་མངོན་མིན་རིག་གནས་ཤུལ་བཞག་གི་ཚོང་རྟགས་རྙིང་པ་སོགས་སུ་སྣ་མང་ཕུན་སུམ་ཚོགས་པ་དང་རྣམ་པ་འདྲ་མིན་གྱི་དྲ་ཕྱིའི“མངོན་མིན་རིག་གནས་ཤུལ་བཞག་གི་ཅ་དངོས་ཉོ་སྒྲུབ་དུས་ཆེན”གྱི་བྱེད་སྒོ་སྤེལ་ཏེ། མངོན་མིན་རིག་གནས་ཤུལ་བཞག་དེང་རབས་འཚོ་བའི་ནང་དེ་བས་མཉམ་འདྲེས་ཐུབ་རྒྱུར་སྐུལ་འདེད་བཏང་ནས་མི་དམངས་མང་ཚོགས་མངོན་མིན་རིག་གནས་ཤུལ་བཞག་གི་ཅ་དངོས་ཉོ་སྒྲུབ་ཀྱི་མྱོང་རོལ་ཁྲོད་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་གྲུབ་འབྲས་མཉམ་སྤྱོད་བྱེད་པའི་ནང་ཞུགས་སུ་འཇུག་རྒྱུ་རེད།
     གཞན་ཡང་། རིག་གནས་དང་ཡུལ་སྐོར་པུའུ་ཡིས“དྲ་ཐོག་ཏུ་མངོན་མིན་རིག་གནས་ཤུལ་བཞག་ལ་ཡུལ་སྐོར་བྱེད”ཅེས་པའི་དྲ་བའི་ཁྱབ་གདལ་བྱེད་སྒོ་ཚོད་ལྟའི་ངང་སྤེལ་རྒྱུ་ཡིན་ཞིང་། དེའི་ནང་ཐང་ཤུན་བརྙན་ལམ་དང་། ཨའེ་ཆི་དབྱི། ཡིའུ་ཁུའུ། འཁྱུག་དབྱིངས། འཁྱུག་ལག ཧོ་ལེ་ཧོ་ལེ། ཁུའུ་ཀོའུ། དཔོད་ཆུང་བཅས་ཚུད་པའི་དྲ་རྒྱ་ཆེ་གྲས་བརྒྱད་ཀྱི་ལས་སྟེགས་མཉམ་འགུལ་བྱེད་རྒྱུ་རེད། “དྲ་ཐོག་ཏུ་མངོན་མིན་རིག་གནས་ཤུལ་བཞག་ལ་ཡུལ་སྐོར་བྱེད·པར་བརྙན་འགྲེམས་སྟོན”ནི་རིག་གནས་དང་ཡུལ་སྐོར་པུས་གཙོ་གཉེར་བྱས་པ་དང་། ཀྲུང་གོ་འཁྲབ་སྟོན་ལས་རིགས་ལྷན་ཚོགས་ཀྱིས་དྲ་རྒྱའི་ལས་སྟེགས་ཆེ་གྲས་བརྒྱད་དང་མཉམ་འབྲེལ་ཐོག་2020ལོའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ”ཁྱབ་གདལ་བྱེད་སྒོའི་སྒྲུབ་འགན་ཁུར་ནས། རིགས་ཁག་གི་མངོན་མིན་རིག་གནས་ཤུལ་བཞག་བརྙན་པར་གྱི་ཐོན་ཁུངས་རྩེ་གྲ་གཅིག་སྡུད་འགྲེམས་སྟོན་དང་། དྲ་རྒྱ་མཉམ་འགུལ། དྲ་ཐོག་ནས་སྟོན་པ་བཅས་བྱས་ཏེ་མངོན་མིན་རིག་གནས་ཤུལ་བཞག་དེང་རབས་ཀྱི་འཚོ་བར་དེ་བས་མཉམ་འདྲེས་ཐུབ་པར་སྐུལ་འདེད་བཏང་ནས་བརྗོད་གཞིའི་བགྲོ་གླེང་དང་། ཕན་ཚུན་ཐད་གཏོང་། སྒྲུང་གཏམ་འཚོལ་བསྡུ་བཅས་བྱེད་རིང་མི་དམངས་མང་ཚོགས་ཞུགས་སུ་འཇུག་རྒྱུ་མ་ཟད། ད་དུང་དྲ་ཐོག་དགེ་རྒན་ཆེ་མོ་བའི་སློབ་ཚན་སོགས་རྣམ་པ་སྣ་ཚོགས་ཀྱི་དྲ་ཐོག་མྱོང་རོལ་བྱེད་རིང་མངོན་མིན་རིག་གནས་ཤུལ་བཞག་ལ་ཐུན་མོང་ཐོག་དོ་ཁུར་དང་སྲུང་སྐྱོང་ལ་ཞུགས་ནས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་གྲུབ་འབྲས་མཉམ་སྤྱོད་བྱ་རྒྱུ་རེད།
     མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་གྱི་དངོས་མཚོན་བརྙན་པར་དང་མངོན་མིན་རིག་གནས་ཤུལ་བཞག་བརྗོད་གཞིའི་དངོས་མཚོན་པར་གཞི་1000ལྷག་ཙམ་དྲ་ཐོག་ནས་སྤྱི་ཕན་རང་བཞིན་གྱི་འགྲེམས་སྟོན་བྱ་རྒྱུ་ཡིན་པ་དང་། དུས་མཚུངས“ཉེ་འཁོར་གྱི་མངོན་མིན་རིག་གནས་ཤུལ་བཞག་ལ་ལྟ་བའི”ཆེད་དོན་པར་གཞི་རབ་དང་རིམ་པ་བསྟན་ནས་སྲོལ་རྒྱུན་གྱི་གསོ་རིག་དང་། སྲོལ་རྒྱུན་གྱི་ལུས་རྩལ། མངོན་མིན་རིག་གནས་ཤུལ་བཞག་གི་ཞིམ་ཟས། མངོན་མིན་རིག་གནས་ཤུལ་བཞག་གི་ལག་ཤེས་ཐོན་རྫས་དང་དེ་བཞིན་སྲོལ་རྒྱུན་གྱི་འཁྲབ་སྟོན་སྒྱུ་རྩལ་བཅས་ཕྱོགས་ལྔའི་ཐད་ནས་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་ཁུངས་ལེགས་སྒྲིག་བྱས་ཏེ་མིག་སྔའི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་སྲུང་སྐྱོང་གི་གྲུབ་འབྲས་མངོན་པར་བྱ་རྒྱུ་རེད།