འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་19ཉིན།

༄༅༎ཨན་ཧུའེ་ཡིས་ལུས་རྩལ་དང་བདེ་ཐང་སློབ་ཚན་གྱི་སློབ་གསོ་སློབ་ཁྲིད་ལས་དོན་གྱི་མཛུབ་ཁྲིད་ཁྱབ་བསྒྲཌ་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་19ཉིན། 09:26】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
    འདི་ག་ཚགས་པར་ཁང་དུ་ཧོ་ཧྥེ་ནས་ཟླ་5ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཨན་ཧུའེ་ཞིང་ཆེན་སློབ་གསོ་ཐིང་གིས《ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་ཨན་ཧུའེ་ཞིང་ཆེན་སློབ་གྲྭ་འབྲིང་ཆུང་གི་ལུས་རྩལ་དང་བདེ་ཐང་སློབ་ཚན་གྱི་སློབ་གསོ་སློབ་ཁྲིད་ལས་དོན་གྱི་མཛུབ་ཁྲིད》བཀྲམ་པ་དང་། ས་ཁུལ་ཁག་གི་སློབ་གྲྭས་དགེ་སློབ་ཀྱི་བདེ་འཇགས་དང་བདེ་ཐང་ཨང་དང་པོར་འཇོག་དགོས་པ་དང་། བདེ་ཐང་ནི་ཐམས་ཅད་ལས་ལྷག་པའི་འདུ་ཤེས་མཐའ་འཁྱོངས་བྱེད་དགོས་པ། དོན་དངོས་གནས་ཚུལ་ལ་གཞིགས་ནས་སློབ་ཁྲིད་ཀྱི་བཀོད་སྒྲིག་སྤྱི་འདོམས་ལེགས་སྒྲིག་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།
    ཡིག་ཆའི་ནང་སློབ་གྲྭས་སློབ་ཚན་གྱི་ཚད་གཞི་གཞིར་བཟུང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འབྲེལ་ཡོད་བླང་བྱ་དང་ཟུང་འབྲེལ་བྱས་ཏེ། སློབ་དུས་ཀྱི་སློབ་ཁྲིད་འཆར་གཞི་བཟོ་དགོས། སློབ་ཁྲིད་ཀྱི་ནང་དོན་འདེམས་སྐབས་གཟུགས་པོའི་དམིགས་ཚད་གཙོ་བོར་འཛིན་དགོས། སློབ་མའི་རྨང་གཞིའི་ལུས་རྩལ་གྱི་འཇོན་ཐང་སྔར་བས་ཆེ་རུ་བཏང་སྟེ་གཟུགས་པོའི་རྩལ་ནུས་ཀྱང་ཆེ་རུ་གཏོང་དགོས། ལུས་རྩལ་རྩལ་ནུས་ཀྱི་དམིགས་ཚད་བླང་བྱ་གཙོ་བོར་བརྩི་མི་དགོས་པར། སྒོ་བཅད་རྣམ་པའི་ལུས་རྩལ་རྩལ་ནུས་དང་དྲ་བཅད་རིགས་ཀྱི་སྒོ་དབྱེ་རྣམ་པའི་ལུས་རྩལ་རྩལ་ནུས་སློབ་ཁྲིད་ཀྱི་ནང་དོན་གཙོ་བོར་བྱེད་པ་དཔེར་ན། མཆོང་རྒྱུག་འཕེན་གསུམ་དང་། དྲག་རྩལ། གཟུགས་མཛེས་ཁམས་བཟང་གི་ལུས་རྩལ། བྱ་སྒྲོའི་སྤོ་ལོ། ཕིང་ཕང་སྤོ་ལོ་སོགས་ཀྱི་ལུས་རྩལ་རྣམ་གྲངས་ལས་གཟུགས་པོ་ཐུག་རེག་གི་ལུས་རྩལ་རྣམ་གྲངས་གཉེར་མི་ཆོག་ཅེས་བསྟན་ཡོད།
    དགེ་རྒན་གྱིས་སློབ་ཁྲིད་གོང་གི་གྲ་སྒྲིག་ཡག་པོ་བྱེད་དགོས་པ་དང་། སློབ་མའི་གཟུགས་པོའི་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་བྱེད་པ། ལུས་རྩལ་བརྩེ་ཡུལ་དང་ཡོ་ཆས་ལ་ཞིབ་བཤེར། འཕྲལ་སྡོམ་ཐག་གཅོད་ཀྱི་སྔོན་ཇུས་ཁོང་དུ་ཆུད་པ་བཅས་བྱེད་དགོས་པ་དང་། སློབ་མའི་སྣེ་ཁྲིད་དེ་ལུས་རྩལ་མ་བརྩེས་གོང་སྔོན་སྦྱོང་ལུས་རྩལ་ཡག་པོ་རྩེ་བ་དང་ལུས་རྩལ་མཇུག་འགྲིལ་རྗེས་གཟུགས་པོ་ལྷོད་དུ་གཏོང་བའི་ལུས་རྩལ་ཡག་པོ་རྩེ་དགོས། ལུས་རྩལ་སློབ་ཚན་འཚོགས་ཚར་རྗེས་སློབ་མར་ལག་པ་འཁྲུ་བ་དང་ཆུ་འོས་འཚམ་འཐུང་དགོས་པའི་དྲན་སྐུལ་བྱེད་དགོས།
    གཞན་ཡང་། དགེ་རྒན་གྱིས་སློབ་ཁྲིད་ཀྱི་རྣམ་པ་གསར་གཏོད་དང་། སློབ་ཁྲིད་བྱ་ཐབས་ཕུན་སུམ་ཚོགས་སུ་གཏོང་དགོས། ལས་འགན་ལ་བརྟེན་ནས་སྐུལ་འདེད་གཏོང་བ་སོགས་ཀྱི་སློབ་ཁྲིད་བྱ་ཐབས་སྤྱད་དེ་སློབ་ཚན་ཐུང་གྲས་དང་སློབ་སྦྱོང་གི་ལས་འགན་སོགས་ཀྱི་རྣམ་པ་བརྒྱུད་སློབ་མར་སློབ་ཚན་གྱི་སློབ་སྦྱོང་ནང་དོན་ཤོད་དགོས་པ་དང་། སློབ་སྦྱོང་བྱེད་རིང་སྒུག་པ་དང་། འགྲེལ་བཤད། སྤེལ་རེས་སོགས་ཉུང་དུ་གཏོང་དགོས།