འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་19ཉིན།

༄༅༎པེ་ཅིང་གྲོང་ཁྱེར་གྱིས་རྒན་གསོའི་ཞབས་ཞུའི་སྒྲིག་གཞི་གཉེར་སྐྱོང་ལ་སྒོར་དུང་ཕྱུར་1གཏོང་རྩིས་ཡོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་19ཉིན། 09:24】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན། གསར་འགོད་པར་པེ་ཅིང་གྲོང་ཁྱེར་དམངས་སྲིད་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ལ་ཁ་གཏད་གཅོག་ཆེད། པེ་ཅིང་གྲོང་ཁྱེར་གྱིས་མ་དངུལ་སྒོར་དུང་ཕྱུར་1བཏང་ནས་རྒན་གསོའི་ཞབས་ཞུའི་སྒྲིག་གཞི་གཉེར་སྐྱོང་ལ་རྒྱབ་སྐྱོར་བྱེད་མཁན་རེད།
     པེ་ཅིང་གྲོང་ཁྱེར་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ཧུང་པིང་གིས་ངོ་སྤྲོད་བྱས་དོན། ཟླ་1ཚེས་27ཉིན་ཕྱོགས་ཡོངས་ནས་བཀག་སྡོམ་དོ་དམ་བྱས་ཚུན། པེ་ཅིང་གྲོང་ཁྱེར་ཡོངས་ཀྱི་རྒན་གསོའི་ཞབས་ཞུའི་སྒྲིག་གཞི་682དང་རྒན་རྒོན་ཁྲི་4.8ལ་ཏོག་གསར་གློ་ཚད་ཕོག་པའི་གནད་དོན་གཅིག་ཀྱང་ཐོན་མེད་པ་དང་ཆབས་ཅིག རྒན་གསོའི་ཞབས་ཞུའི་སྒྲིག་གཞི་ཁག་ལ་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་པས་ཡོང་འབབ་ཀྱང་15%ནས་20%བར་ཆག་པ་མ་ཟད། རྒྱུན་གཏན་གྱི་འགྲོ་སོང་ཡང་15%ཙམ་མཐོ་རུ་སོང་ཡོད། རྒན་གསོའི་ཞབས་ཞུའི་སྒྲིག་གཞི་དཀའ་གནད་ལས་སྒྲོལ་བ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་རོགས་རམ་བྱ་ཆེད། པེ་ཅིང་གྲོང་ཁྱེར་གྱིས་ཁ་གསབ་ཀྱི་ཚད་གཞི་སྤོར་བ་དང་ཁང་གླ་ཆག་ཡང་དང་རྩ་ཆག་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད། རིམས་ནད་ཀྱིས་རྒན་གསོའི་ཞབས་ཞུའི་སྒྲིག་གཞི་གཉེར་སྐྱོང་ལ་ཕོག་པའི་ཤུགས་རྐྱེན་ཆུང་དུ་བཏང་ཡོད།
     གྲོང་ཁུལ་དང་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུའི་ས་ཚིགས་དང་གྲོང་གསེབ་ཀྱི་ཚེ་མཇུག་བདེ་སྐྱིད་ལྡན་པའི་ས་ཚིགས་ལ་ཆ་མཚོན་ན། གཉེར་སྐྱོང་ཁ་གསབ་མ་དངུལ་གཙོ་བོ་མི་ཤུགས་ཀྱི་མ་གནས་དང་ནུས་ཁུངས་ཟད་གྲོན་གྱི་མ་གནས་དམའ་རུ་གཏོང་བ་དང་། རིམས་ནད་ཀྱི་ཤུགས་རྐྱེན་ལས་ཕོག་པའི་གྱོང་གུན་ཆུང་དུ་གཏོང་བའི་ཐད་སྤྱོད་རྒྱུ་རེད། གནས་སྐབས་གསོ་བཅོལ་བྱས་པའི་རྒན་རྒོན་དང་སྲིད་གཞུང་གི་བླང་བྱ་ལྟར་བཀག་སྡོམ་དོ་དམ་བྱས་པའི་གྲོང་ཁུལ་དང་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུའི་ས་ཚིགས་དང་གྲོང་གསེབ་ཀྱི་ཚེ་མཇུག་བདེ་སྐྱིད་ལྡན་པའི་ས་ཚིགས་ལ་ཆ་མཚོན་ན། རྒན་གསོའི་སྒྲིག་གཞིའི་གཉེར་སྐྱོང་ཁ་གསབ་གཞིར་བཟུང་རྒན་རྒོན་རེར་ཟླ་རེར་ཁ་གསབ་དངུལ་སྒོར་500སྤྲོད་པའི་རྨང་གཞིའི་ཐོག་ཟླ་རེར་སྒོར་ཁྲི་2དང་ཁྲི་1གི་ཚད་གཞི་གཞིར་བཟུང་ཁ་གསབ་དངུལ་སྤྲོད་རྒྱུ་རེད།