འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་19ཉིན།

༄༅།།མཚོ་སྔོན་གྱིས་དཔྱད་ཞིབ་ནང་དོན་ཉུང་དུ་ཤུགས་ཆེན་བཏང་སྟེ། འབྱུང་རྩ་ནས་གཞི་རིམ་གྱི་
ཁུར་པོ་ཡང་དུ་བཏང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་19ཉིན། 09:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་ཟླ་5ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཚེས་15ཉིན་གྱི་སྔ་དྲོ། གསར་འགོད་པར་མཚོ་སྔོན་ཞིང་ཆེན་རྩ་འཛུགས་པུའུ་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་ཞིང་ཆེན་གྱིས་དཔྱད་ཞིབ་བྱེད་སྟངས་ལེགས་སུ་གཏོང་བ་དང་། དཔྱད་ཞིབ་ཐེངས་གྲངས་དང་། དམིགས་ཚད། ནང་དོན་བཅས་ཉུང་དུ་ཤུགས་ཆེན་བཏང་ནས་དཔྱད་ཞིབ་ཀྱི་ལས་ཕྱོད་ཆེ་རུ་ནུས་ལྡན་བཏང་ཞིང་། 2019ལོ་འཁོར་གྱི་ཞིང་ཆེན་ཡོངས་ཀྱི་དམིགས་ཚད་ལས་འགན(ལས་ཕྱོད)ལ་དཔྱད་ཞིབ་བྱེད་སྐབས། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དོན་དངོས་གཞིར་བཟུང་། དཔྱད་ཞིབ་ཀྱི་གོ་རིམ་ལེགས་སུ་གཏོང་བ་དང་། དཔྱད་ཞིབ་ཀྱི་ནང་དོན་ཉུང་འཕྲི་བྱས་པ་བརྒྱུད། གཞི་རིམ་གྱི་ལས་བྱེད་པའི་གནོན་ཤུགས་ཆུང་དུ་དང་ཁུར་པོ་ཡང་དུ་མངོན་གསལ་དོད་པོ་ཕྱིན་པ་དང་ཚུར་སྣང་ལན་ཆ་ཅུང་ཡག་པོ་བྱུང་བ་རེད།
     ཤེས་རྟོགས་བྱུང་བར། མཚོ་སྔོན་ཞིང་ཆེན་གྱིས་ཆེད་དོན་དཔྱད་ཞིབ་སྣ་ཚོགས་བསྡུ་སྒྲིལ་བྱས་ནས་དཔྱད་ཞིབ་བྱེད་ཐེངས་ཉུང་དུ་བཏང་ཞིང་། ཀྲུང་དབྱང་གི《དཔྱད་ཞིབ་ཀྱི་ལས་དོན་ལ་ལྟ་བཤེར་དང་ཞིབ་བཤེར་བྱ་རྒྱུ་ཚད་ལྡན་དུ་གཏོང་རྒྱུར་སྤྱི་འདོམས་བྱེད་རྒྱུའི་སྐོར་གྱི་བརྡ་ཐོའི》དགོངས་དོན་ལག་བསྟར་ནན་ཏན་བྱེད་པ་དང་། ཞིང་ཨུད་གཞུང་དོན་ཐིང་དང་མཐུན་སྦྱོར་བྱས་ནས་མཚོ་སྔོན་ཞིང་ཆེན་གྱི《དཔྱད་ཞིབ་ཀྱི་ལས་དོན་ལ་ལྟ་བཤེར་དང་ཞིབ་བཤེར་བྱ་རྒྱུ་ཚད་ལྡན་དུ་གཏོང་རྒྱུར་སྤྱི་འདོམས་བྱེད་རྒྱུའི་སྐོར་གྱི་བྱ་ཐབས་འགའ་ཞིག》བཟོ་རོགས་བྱས་ཏེ། དཔྱད་ཞིབ་ཀྱི་རྣམ་གྲངས་ཀྱི་གསལ་ཐོ་ཆགས་པ་དང་། སྙན་སེང་བཀའ་འཁྲོལ་ཞུ་བར་དོ་དམ་ནན་པོ་བྱས་ནས་གསལ་ཐོའི་ནང་མ་བཅུག་པའི་དཔྱད་ཞིབ་དོན་ཚན་གཞི་རིམ་དུ་དཔྱད་ཞིབ་གཏན་ནས་བྱེད་མི་ཆོག སྙན་སེང་བཀའ་འཁྲོལ་མ་བྱུང་བའམ་ཡང་ན་འབྲེལ་ཡོད་སྲིད་ཇུས་ཀྱི་གཞི་འཛིན་ས་མེད་པ་དང་ས་གནས་ཏང་ཨུད་དང་སྲིད་གཞུང་དཔྱད་ཞིབ་བྱ་ཡུལ་དུ་བྱེད་པའི་དོན་ཚན་མཐའ་གཅིག་ཏུ་མེད་པ་བཟོས་པ་རེད། ལོ་འཁོར་ནང་དཔྱད་ཞིབ་ཀྱི་བྱ་ཐབས་དང་། ལག་བསྟར་བསམ་འཆར། ལས་ཀའི་ཇུས་གཞི་སོགས་ཀྱི་བསམ་འཆར་བསྡུ་ལེན་མ་ཟིན་ཁྱོན་ཁག་53ལ་ཞིབ་བཤེར་བྱས་པ་དང་། ཆོག་འཐུས་ཆ་རྐྱེན་མ་འཛོམས་པའི་དཔྱད་ཞིབ་ནང་དོན་ཁག་31ཁུ་བསྡུས་བཟོ་དགོས་པའི་གྲོས་འགོ་བཏོན་པ་རེད། 2019ལོ་འཁོར་ལ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་དང་། ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྱོང(ཁྲིམས་བཞིན་སྲིད་འཛིན) དབུལ་སྒྲོལ་འགག་སྒྲོལ་སོགས་ཀྱི་ཆེད་དོན་དཔྱད་ཞིབ་ཁག་ཁྱོན་15བསྡུ་སྒྲིལ་བྱས་ནས། ཞིང་ཆེན་ཡོངས་ཀྱི་ལོ་འཁོར་གྱི་དམིགས་ཚད་ལས་འགན(ལས་རྗེས)དང་མཉམ་དུ་དཔྱད་ཞིབ་བྱས་པས། ཞིང་ཆེན་ཡོངས་ཀྱི་དཔྱད་ཞིབ་ཁྱབ་ཁོངས་ནང་བཅུག་པའི་ཆེད་དོན་དཔྱད་ཞིབ་བསྡུ་སྒྲིལ་བྱེད་ཁྱོན་90%ཡན་ཟིན་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱིས་ཆེད་དོན་དཔྱད་ཞིབ་ཀྱི་དམིགས་ཚད་དམའ་རུ་དང་དཔྱད་ཞིབ་ཀྱི་ནང་དོན་ཉུང་དུ་བཏང་ཞིང་། 2019ལོ་འཁོར་གྱི་ཞིང་ཆེན་ཡོངས་ཀྱི་དམིགས་ཚད་ལས་འགན་ལ་དཔྱད་ཞིབ་མ་བྱས་གོང་། ཞིང་ཆེན་ཡོངས་ཀྱི་དཔྱད་ཞིབ་ཁྱབ་ཁོངས་སུ་བཅུག་པ་མ་ཟད། ཞིང་ཆེན་ཡོངས་ཀྱི་དཔྱད་ཞིབ་དང་མཉམ་དུ་དཔྱད་ཞིབ་བྱས་པའི་ཆེད་དོན་དཔྱད་ཞིབ་ཀྱི་དམིགས་ཚད་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ཏེ། ཆེད་དོན་དཔྱད་ཞིབ་ཀྱི་དམིགས་ཚད་དོན་ཚན་ཁག་20ལས་བརྒལ་མི་ཆོག་པ་དང་། ལས་ཀའི་གྲུབ་འབྲས་དངོས་ལ་ཚད་འཇལ་བའི་དཔྱད་ཞིབ་ཀྱི་དམིགས་ཚད་མངོན་གསལ་དོད་པོ་ཡོང་བ་བྱེད་པ། དཔྱད་ཞིབ་ཀྱི་ནང་དོན་སྟབས་བདེའི་སྒོ་ནས་ལས་ཀའི་ཟིན་བྲིས་དང་། སློབ་སྦྱོང་གི་མྱོང་ཚོར། ཆ་འཕྲིན་དང་བསྡུས་འཕྲིན་གྱི་གྲངས་འབོར་དང་དེ་བཞིན་འབྲེལ་ཡོད་འགོ་ཁྲིད་ཚོགས་ཆུང་ངམ་ཡང་ན་འགོ་ཁྲིད་སྒྲིག་གཞི་འཛུགས་མིན་སོགས་ཀྱི་ནང་དོན་གདེང་འཇོག་གི་ཚད་གཞིར་བརྩི་མི་ཆོག་པ་བཅས་ཀྱི་བླང་བྱ་བཏོན་པ་བརྒྱུད། གཞི་རིམ་གྱི་ལོ་མཇུག་དཔྱད་ཞིབ་ཀྱི་ཐུན་མོང་རང་བཞིན་གྱི་དམིགས་ཚད་དེ་སྔའི་གསུམ་ཆ་གཉིས་བར་ཉུང་དུ་ཕྱིན་པ་རེད།
    དེ་དང་དུས་མཚུངས། མཚོ་སྔོན་ཞིང་ཆེན་གྱིས་དཔྱད་ཞིབ་བྱེད་སྟངས་དང་གོ་རིམ་ལེགས་སུ་བཏང་ནས། དཔྱད་ཞིབ་ཀྱི་ལྷུ་ཚིགས་ཁུ་བསྡུ་བྱས་ཤིང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་ཀའི་དགོས་མཁོ་གཞིར་བཟུང་། དཔྱད་ཞིབ་ཀྱི་གོ་རིམ་ལེགས་སུ་གཏོང་བ་དང་། དགོས་མེད་ཀྱི་ལྷུ་ཚིགས་ཁུ་བསྡུ་བྱས་པ། 2019ལོ་འཁོར་གྱི་དཔྱད་ཞིབ་བྱེད་སྐབས་གཅིག་སྡུད་ཀྱི་དཔྱད་ཞིབ་ཚོགས་ཆེན་མ་འཚོགས་པར་ཁག་དབྱེ་ནས་དམངས་གཙོའི་དཔྱད་བསྡུར་བྱས་པ་རེད། ད་དུང་ཆ་འཕྲིན་ཅན་གྱི་བྱ་ཐབས་གང་ལེགས་སྤྱད་དེ། དཔྱད་ཞིབ་ཆ་འཕྲིན་དོ་དམ་མ་ལག་ལ་བརྟེན་ནས་གྲོང་ཁྱེར་དང་ཀྲོའུ་དང་ཞིང་ཆེན་ཐད་གཏོགས་སྡེ་ཚན་ཡན་གྱིས་བརྒྱུད་བསྐུར་བྱས་པའི་དུས་རྒྱུན་གྱི་དཔྱད་ཞིབ་དཔྱད་ཡིག་ལ་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ཟུར་བཤེར་བྱས་པ་དང་འབྲེལ། ཁོང་དུ་ཆུད་པ་མ་ཟད་ཞིབ་བསྡུར་དང་ར་འཕྲོད་བྱེད་མི་དགོས་པའི་དོན་ཚན་ལ་ཞིབ་བཤེར་བསྐྱར་མ་བྱས་མེད་པ་དང་། ཞིང་ཆེན་བསྡོམས་རྩིས་ཐིང་གིས་མཁོ་འདོན་བྱས་པའི་གྲངས་གཞིའི་དཔལ་འབྱོར་དམིགས་ཚད་ཀྱི་འབྲེལ་ཡོད་དཔྱད་ཡིག་ལ་ཞིབ་བཤེར་དང་ཞིབ་བསྡུར་བསྐྱར་མ་བྱས་མེད་པ་རེད།