འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་19ཉིན།

༄༅།།ཟླ་4པར་དངོས་སུ་སྤྱད་པའི་ཕྱི་ཕྱོགས་མ་དངུལ་འཕར་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་19ཉིན། 09:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་14ཉིན་ཚོང་དོན་པུས་འཚོགས་པའི་དྲ་ཐོག་གི་འཆར་ཅན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པ་ཀའོ་ཧྥུང་གིས། ཟླ་4པར། རྒྱལ་ཡོངས་སུ་དངོས་སུ་སྤྱད་པའི་ཕྱི་ཕྱོགས་མ་དངུལ་སྒོར་དུང་ཕྱུར་703.6ཟིན་ནས་དུས་མཚུངས་ལས་11.8%འཕར་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
   ཀའོ་ཧྥུང་གིས། འདི་ལོ་ཚུན་དུ། རང་རྒྱལ་གྱིས་ཕྱི་ཕྱོགས་མ་དངུལ་བརྟན་པོ་ཡོང་བའི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་བཏོན་ནས། མ་འཇོག་ལ་སྐུལ་འདེད་དང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་ནུས་ལྡན་བཏང་བ་དང་། ཕྱི་རྒྱལ་ཚོང་པའི་མ་འཇོག་གི་གདེང་ཚོད་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ། གཙོ་གནད་ཕྱི་ཕྱོགས་མ་དངུལ་རྣམ་གྲངས་ཁག་གཅིག་རིམ་བཞིན་གན་རྒྱ་བཞག་ནས་སྤེལ་འགོ་ཚུགས་པ། དེའི་ཁར་ན་ནིང་དུས་མཚུངས་ཀྱི་གཞི་གྲངས་ཅུང་དམའ་པོ་ཡོད་པ་བཅས་ལས་ཟླ་བ་4པར་དངོས་སུ་སྤྱད་པའི་ཕྱི་ཕྱོགས་མ་དངུལ་འཕར་ཡོད་པ་རེད།