འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་18ཉིན།

༄༅།།བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ། གཞུང་ལས་ཐིང་གི་ཏང་ཙུའུ་ཡི་ཁོངས་
མི་བཀྲ་ཤིས་རྒྱ་མཚོ་ཡིས་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་18ཉིན། 15:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་སྤེལ་བའི་གནས་ཚུལ་ལྟར་ན།  བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ། གཞུང་ལས་ཐིང་གི་ཏང་ཙུའུ་ཡི་ཁོངས་མི་བཀྲ་ཤིས་རྒྱ་མཚོ་ལ་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཚབས་ཆེན་གྱི་དོགས་གཞི་ཡོད་པས། མིག་སྔར་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད། 
    བཀྲ་ཤིས་རྒྱ་མཚོའི་ལོ་རྒྱུས་མདོར་བསྡུས།
   བཀྲ་ཤིས་རྒྱ་མཚོ། ཕོ། བོད་རིགས། 1966ལོའི་ཟླ་6པར་སྐྱེས། སི་ཁྲོན་ནེ་ཅང་ནས་ཡིན། ལས་ཐོག་ཞིབ་འཇུག་སློབ་མའི་བསླབ་རིམ་ལྡན་པ། 1986ལོའི་ཟླ་8པར་ལས་ཀར་ཞུགས། 1995ལོའི་ཟླ་3པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། 
    1986ལོའི་ཟླ་8པ་ནས་1990ལོའི་ཟླ་12པར། བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་ཞིབ་འཇུག་ཁང་གི་ལས་བྱེད་པ། 
    1990ལོའི་ཟླ་12པ་ནས་1993ལོའི་ཟླ་1བར། བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་ཐིང་གི་ལས་བྱེད་པ། 
    1993ལོའི་ཟླ་1པོ་ནས་1994ལོའི་ཟླ་2བར། བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་ཐིང་གི་ཀྲུའུ་རེན་ཁའོ་ཡོན། 
     1994ལོའི་ཟླ་2པ་ནས་1999ལོའི་ཟླ་2བར། བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་ཐིང་གཞུང་ལམ་ལས་གྲྭ་སྤྱི་ཁྱབ་ཀུང་སིའི་སྤྱི་ཁྱབ་ཅིང་ལི། ལས་ཚབ་སྤྱི་ཁྱབ་ཅིང་ལི། 
     1999ལོའི་ཟླ་2པ་ནས་2001ལོའི་ཟླ་9བར། བོད་ལྗོངས་ཐན་ལུའུ་འགྲིམ་འགྲུལ་མ་རྐང་ཚད་ཡོད་ཀུང་སིའི་ལས་འཛིན་པ་གཞོན་པ། སྤྱི་ཁྱབ་ཅིང་ལི། 
    2001ལོའི་ཟླ་9པ་ནས་2002ལོའི་ཟླ་3བར། བོད་ལྗོངས་ཐན་ལུའུ་འགྲིམ་འགྲུལ་མ་རྐང་ཚད་ཡོད་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ལས་འཛིན་པ་གཞོན་པ། སྤྱི་ཁྱབ་ཅིང་ལི། 
    2002ལོའི་ཟླ་3པ་ནས་2004ལོའི་ཟླ་3བར། བོད་ལྗོངས་ཐན་ལུའུ་འགྲིམ་འགྲུལ་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཨུའི་ཧྲུའུ་ཅི་གཞོན་པ། ལས་འཛིན་པ། སྤྱི་ཁྱབ་ཅིང་ལི། 
   2004ལོའི་ཟླ་3པ་ནས་2005ལོའི་ཟླ་9བར། བོད་ལྗོངས་ཐན་ལུའུ་འགྲིམ་འགྲུལ་མ་རྐང་ཚད་ཡོད་ཀུང་སིའི་ཏང་ཨུ་ཧྲུའུ་ཅི་གཞོན་པ། ལས་འཛིན་པ། སྤྱི་ཁྱབ་ཅིང་ལི། བོད་ལྗོངས་གཞུང་ལམ་ལས་གྲྭ་སྤྱི་ཁྱབ་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། སྤྱི་ཁྱབ་ཅིང་ལི། 
    2005ལོའི་ཟླ་9པ་ནས་2009ལོའི་ཟླ་1བར། བོད་ལྗོངས་ཐན་ལུའུ་འགྲིམ་འགྲུལ་མ་རྐང་ཚད་ཡོད་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི། ལས་འཛིན་པ། བོད་ལྗོངས་གཞུང་ལམ་ལས་གྲྭ་སྤྱི་ཁྱབ་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། སྤྱི་ཁྱབ་ཅིང་ལི། 
    2009ལོའི་ཟླ་1པོ་ནས་2009ལོའི་ཟླ་11བར། བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་ཐིང་གི་ཏང་ཨུའི་ཨུ་ཡོན་དང་། ཐིང་ཀྲང་གཞོན་པ། 
    2009ལོའི་ཟླ་11པ་ནས་2012ལོའི་ཟླ་1པར། བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཏང་ཨུའི་ཨུ་ཡོན་དང་། ཐིང་ཀྲང་གཞོན་པ། 
    2012ལོའི་ཟླ་1པོ་ནས་2015ལོའི་ཟླ་6པར། བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཐིང་ཀྲང་། 
    2015ལོའི་ཟླ་6པ་ནས་ད་བར། བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ།(ཐིང་རིམ་པ) གཞུང་ལས་ཐིང་གི་ཏང་ཙུའུ་ཡི་ཁོངས་མི།