འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་18ཉིན།

༄༅།།ཨ་ཆེན་གངས་རྒྱབ་ཏུ་གཙོད་གནས་སྤོས་ནས་གཙོད་ཕྲུག་བཙའ་བའི་དུས་ཚིགས་སུ་སླེབས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་18ཉིན། 13:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཨ་ཆེན་གངས་རྒྱབ་ཏུ་གཙོད་གནས་སྤོས་ནས་གཙོད་ཕྲུག་བཙའ་བའི་དུས་ཚིགས་སུ་སླེབས་པ།
   མི་དམངས་དྲ་བའི་འཕྲིན། ཨ་ཆེན་གངས་རྒྱབ་དོ་དམ་ཁང་གི་ཝུའུ་ཏའོ་ལེང་སྲུང་སྐྱོབ་ས་ཚིགས་ཀྱི་ལྟ་ཞིབ་ཚད་ལེན་ལས་མངོན་གསལ། ཟླ་4ཚེས་30ཉིན་ནས་བཟུང་། གཙོད་བསྟུན་མར་མཚོ་བོད་ལྕགས་ལམ་གྱི་བྱང་ལྔ་ཟམ་ཆེན་དང་མཚོ་བོད་གཞུང་ལམ་བརྒལ་ནས། ཨ་ཆེན་གངས་རྒྱབ་ཀྱི་ལྟེ་བའི་ས་ཆར་བསྐྱོད་བཞིན་ཡོད། འདི་ལས་ལོ་གཅིག་དུས་གཅིག་གི་གཙོད་གནས་སྤོས་ནས་གཙོད་ཕྲུག་བཙའ་བའི་དུས་ཚོགས་ཁྱོན་ཡོངས་ནས་ཤར་བ་མཚོན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ལོ་རེའི་ཟླ་ལྔ་པ་ནས་ཟླ་བདུན་པའི་ཟླ་སྟོད་བར། གཅོད་ཀྱིས་གཙང་གསུམ་ཆུ་འགོ་དང་། བོད་ལྗོངས་ཀྱི་བྱང་ཐང་། ཤིན་ཅང་གི་ཨ་ལི་ཅིན་ཧྲན་རི་བོ་སོགས་ཀྱི་ས་ཆ་ནས་ཨ་ཆེན་གངས་རྒྱབ་ཏུ་བསྐྱོད་དེ་གཅིག་འདུས་ངང་གཙོད་ཕྲུག་བཙའ་ཡི་ཡོད་པ་རེད།
【1】  【2】  【3】  【4】  【5】
༄༅།།ཨ་ཆེན་གངས་རྒྱབ་ཏུ་གཙོད་གནས་སྤོས་ནས་གཙོད་ཕྲུག་བཙའ་བའི་དུས་ཚིགས་སུ་སླེབས་པ།