འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་18ཉིན།

༄༅།།2020ལོའི་ཇོ་མོ་གླང་མའི་མཐོ་ཚད་འཇལ་བའི་རི་འཛེག་རུ་ཁག་རྒྱ་མཚོའི་ངོས་ལས་མཐོ་ཚད་
སྨི་6500ཡི་མདུན་སྐྱོད་སྒར་སར་སླེབས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་18ཉིན། 13:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།2020ལོའི་ཇོ་མོ་གླང་མའི་མཐོ་ཚད་འཇལ་བའི་རི་འཛེག་རུ་ཁག་རྒྱ་མཚོའི་ངོས་ལས་མཐོ་ཚད་
སྨི་6500ཡི་མདུན་སྐྱོད་སྒར་སར་སླེབས་པ།
   མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་17ཉིན་གྱི་ཆུ་ཚོད་11ཡས་མས་སུ། 2020ལོའི་ཇོ་མོ་གླང་མའི་མཐོ་ཚད་འཇལ་བའི་རི་འཛེག་རུ་ཁག་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5800ཡི་བར་བརྒལ་སྒར་ས་ནས་ཐོན་པ་དང། དུས་ཡུན་ཆུ་ཚོད་5ཙམ་བསྐྱོད་རྗེས། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་6500ཡི་ཇོ་མོ་གླང་མའི་མདུན་སྐྱོད་སྒར་ས་ཆེ་མོར་སླེབས་ཡོད། 2020ལོའི་ཇོ་མོ་གླང་མའི་མཐོ་ཚད་འཇལ་བའི་རི་འཛེག་རུ་ཁག་གི་རུ་དཔོན་གྱིས་ངོ་སྤྲོད་བྱས་དོན། ཟླ་5ཚེས་18ཉིན། རུ་ཁག་མདུན་སྐྱོད་སྒར་སར་ངལ་གསོ་རྒྱག་རྒྱུ་དང་། རུ་མིའི་ལས་ཀ་ཁག་བགོ་བྱས་ནས། རི་རྩེར་འཛེགས་མཁན་ཚོ་ཆུང་དང་།  རོགས་སྐྱོབ་ཚོ་ཆུང་།  དཔུང་རོགས་་ཚོ་ཆུང་བཅས་བཙུགས་ཏེ། རི་རྩེར་འཛེགས་པའི་གོང་གི་ལས་བགོས་ཚོགས་འདུ་དང་སྐུལ་སློང་ཚོགས་ཆེན་འཚོག་རྒྱུ་ཡིན་པ་རེད།
【1】  【2】
༄༅།།2020ལོའི་ཇོ་མོ་གླང་མའི་མཐོ་ཚད་འཇལ་བའི་རི་འཛེག་རུ་ཁག་རྒྱ་མཚོའི་ངོས་ལས་མཐོ་ཚད་
སྨི་6500ཡི་མདུན་སྐྱོད་སྒར་སར་སླེབས་པ།