འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་18ཉིན།

༄༅༎གཟའ་འཁོར་གཅིག་གི་རྒྱལ་སྤྱིའི་གསར་འགྱུར།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་18ཉིན། 12:17】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
པེར་ཀྲེམ་གྱི“བཀག་སྡོམ་གློད་པའི”དུས་མཚམས་གསར་པ།
པེར་ཀྲེམ་གྱི“བཀག་སྡོམ་གློད་པའི”དུས་མཚམས་གསར་པ།
     ཟླ་5ཚེས་11ཉིན་པེར་ཀྲེམ་གྱི་པུ་རུ་སེར་གྲོང་ཁྱེར་གྱི་ལྟེ་གནས་སུ་མི་རྣམས་ཀྱིས་བང་བསྒྲིགས་ནས་ཚོང་ཁང་དུ་བསྐྱོད་རྒྱུ་བསྒུགས་་ནས་བསྡད་ཡོད། པེར་ཀྲེམ་གྱི“བཀག་སྡོམ”གློད་རྒྱུ་དེ་ཚེས་11ཉིན་ནས་བཟུང་དུས་མཚམས་གསར་པར་སླེབས་ཡོད་དེ། ཟ་ཁང་དང་ཁ་ཧྥེ་ཁང་སོགས་ཕུད་པའི་ཚོང་ཁང་གིས་བསྐྱར་དུ་ཚོང་གཉེར་བྱས་ཡོད་པ་རེད། ཚོང་ཁང་གིས་ངེས་པར་དུ་འབྲེལ་ཡོད་བྱ་ཐབས་ལ་བརྩི་སྲུང་ཞུ་དགོས་ཤིང་། དེའི་ནང་སྨི་ངོས་གྲུ་10ཟིན་པའི་ལས་གཉེར་རྒྱ་ཁྱོན་ལ་སྐུ་མགྲོན་གཅིག་གི་ཚད་གཞི་ལྟར་ཚོད་འཛིན་བྱེད་པ་དང་། འགྲུལ་པ་རེས་དུས་ཚོད་རིང་ཤོས་སྐར་མ་30སྡོད་ཆོག་པ། བདེ་འཇགས་ཀྱི་བར་ཐག་ལ་བརྩི་སྲུང་ཞུ་དགོས་པ། དེ་བཞིན་ཁ་སྣ་འགེབ་དགོས་པའི་གྲོས་འགོ་ནན་པོ་སོགས་ཚུད་ཡོད་པ་རེད།
【1】  【2】  【3】  【4】  【5】  【6】