འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་18ཉིན།

༄༅༎གཟའ་འཁོར་གཅིག་གི་རྒྱལ་སྤྱིའི་གསར་འགྱུར།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་18ཉིན། 12:17】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
“བཀག་སྡོམ་བཀའ་རྒྱའི”འོག་གི་གནའ་གྲོང་།
“བཀག་སྡོམ་བཀའ་རྒྱའི”འོག་གི་གནའ་གྲོང་།
     ཟླ་5ཚེས་16ཉིན། ལེ་པ་ནོན་གྱི་པི་པུའུ་ལུའུ་སི་གནའ་གྲོང་དུ་ཚོང་ཁང་དང་ཟ་ཁང“བཀག་སྡོམ་བཀའ་རྒྱ”ཡི་རྐྱེན་པས་སྒོ་བརྒྱབ་ཡོད་པ་རེད། རིམས་ནད་བསྐྱར་ལོག་བྱུང་བའི་རྐྱེན་གྱིས་ལི་པ་ནོན་གྱི་ཙུང་ལི་ཏི་ཡ་པུའུ་ཡིས་ཚེས་12ཉིན་རྒྱལ་ཡོངས་ཀྱི་ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་13ཉིན་གྱི་ཆུ་ཚོད་19ནས་ཚེས་18ཉིན་གྱི་ཆུ་ཚོད་5པ་བར“བཀག་སྡོམ་བཀའ་རྒྱ”ལག་བསྟར་བྱས་པ་དང་སྲིད་གཞུང་གིས་ཟླ་4ཚེས་27ཉིན་ནས་བཟུང་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུའི་འཆར་གཞིར་སླར་ཡང་ཞིབ་ལྟ་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད། ལེ་པ་ནོན་གྱི་ཉིན་རེའི་ནད་གཞི་གཏན་འཁེལ་གྱི་གྲངས་འབོར་དེ་སྔ་གྲངས་གནས་གཅིག་ཏུ་ཆག་ཡོད་མོད། འོན་ཀྱང་ཉེ་ཆར་མངོན་གསལ་དོད་པོས་འཕར་ཡོད།
【1】  【2】  【3】  【4】  【5】  【6】