འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་18ཉིན།

༄༅།།མཚོ་བོད་ས་མཐོའི་མུ་ཏིག་ལྟ་བུའི་སི་ཁྲོན་རྔ་པའི་རྣམ་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་18ཉིན། 09:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།མཚོ་བོད་ས་མཐོའི་མུ་ཏིག་ལྟ་བུའི་སི་ཁྲོན་རྔ་པའི་རྣམ་པ།
    རྔ་པ་རྫོང་དེ་སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཡི་ཁོངས་སུ་གཏོགས་ཤིང་། མཚོ་བོད་ས་མཐོའི་ཤར་ལྷོའི་མཚམས་དང་། སི་ཁྲོན་དང་། ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་སུ་ཆགས་ནས་ཀྲོའུ་དེའི་མཛོད་དགེ་རྫོང་དང་། ཧུང་ཡོན་རྫོང་། འབར་ཁམས་རྫོང་། ཛམ་ཐང་རྫོང་བཅས་དང་། ཀན་སུའུ་ཞིང་ཆེན་གྱི་རྨ་ཆུ་རྫོང་། མཚོ་སྔོན་ཞིང་ཆེན་གྱི་གཅིག་སྒྲིལ་རྫོང་དང་པད་མ་རྫོང་བཅས་རྫོང་7དང་འབྲེལ་ཡོད། དེ་གར་འབྲོག་ལས་གཙོ་བོ་བྱེད་པ་དང་ཞིང་འབྲོག་ནགས་གསུམ་མཉམ་གཉེར་གྱི་རྫོང་ཞིག་ཡིན་ཞིང་། འདི་ནི་སི་ཁྲོན་ཞིང་ཆེན་རྔ་པ་ཀྲོའུ་ཡི་རྔ་པ་རྫོང་གི་རྣམ་པ་ཡིན་པ།