འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་18ཉིན།

༄༅༎ཀྲུང་དབྱང་ཁེ་ལས་50ལྷག་ཙམ་གྱིས་ཚོགས་པ་བསྒྲིགས་ནས་ཝུའུ་ཧན་ལ་མ་འཇོག་གི་གན་རྒྱ་བཞག་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་18ཉིན། 09:16】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་ཝུའུ་ཧན་ནས་གློག་འཕྲིན་འབྱོར་གསལ། ཚེས་15ཉིན་གྱི་སྔ་དྲོ“ཀྲུང་དབྱང་ཁེ་ལས་དང་ལག་གདང་སྦྲེལ། འབྱུང་འགྱུར་འགྲན་སློང་ལས་རྣམ་པར་རྒྱལ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་2020ལོའི་ཝུའུ་ཧན་གྲོང་ཁྱེར་གྱི“སྤྲིན་ཚོམ་ཚོང་འགུག”ཀྲུང་དབྱང་ཁེ་ལས་ཀྱི་ཆེད་དོན་བྱེད་སྒོ་བདེ་བླག་ངང་གཉེར་ཞིང་། བྱེད་སྒོའི་ཐོག་རྣམ་གྲངས་37ལ་མིང་རྟགས་བཀོད་པ་དང་དེའི་ནང་ཐོན་ལས་རྣམ་གྲངས་དང་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་ཀྱི་གན་འཇོག་མ་དངུལ་སྒོར་དུང་ཕྱུར་1887.8ཟིན་ཡོད།
     བྱེད་སྒོ་དེས“དྲ་ཐོག་དང་དྲ་ཕྱི”མཉམ་འདྲེས་ཀྱི་ཚོང་འགུག་རྣམ་པ་གསར་པ་སྤྱད་པ་དང་ཀྲུང་ཤིན་ཚོགས་པ་དང་། འཇིག་རྟེན་འཕུར་སྐྱོད་ཀྱི་ཚན་རིག་ལས་གྲྭ ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་བཟོ་ལས། ཀྲུང་གོ་རྡོ་སྣུམ། རྒྱལ་ཁབ་གློག་ཤུགས། འགག་གསུམ་ཚོགས་པ་སོགས་ཀྲུང་དབྱང་ཁེ་ལས་50ལྷག་ཙམ་དེའི་ནང་ཞུགས་ཡོད། བྱེད་སྒོ་སྤེལ་ཡུལ་དུ་ཀྲུང་གོ་འབྲི་ཆུའི་འགག་གསུམ་ཚོགས་པ་དང་ཝུའུ་ཧན་གྲོང་ཁྱེར་མི་དམངས་སྲིད་གཞུང་གི“སྤྲིན་ཚོམ”དབར་འཐབ་ཇུས་མཉམ་ལས་ཀྱི་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་དེ་སྣོད་བཅུད་དང་ནུས་རྒྱུ་སོགས་ཁྱབ་ཁོངས་སུ་མཉམ་ལས་གཏིང་ཟབ་བྱ་རྒྱུ་རེད། གཞན་ཡང་འོད་གློག་རྡུལ་ཆ་འཕྲིན་དང་། དངུལ་རྩ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་བའི་རྣམ་གྲངས་ཆེན་པོ་དང་རྣམ་གྲངས་ཡག་པོ་ཁག་གཅིག་ཀྱང་གཅིག་སྡུད་ཐོག་གན་རྒྱ་བཞག་པ་རེད།