འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་18ཉིན།

༄༅༎ན་ནིང་རང་རྒྱལ་གྱི་ཞབས་ཞུའི་ལས་རིགས་ཀྱི་གྲངས་འཛིན་དཔལ་འབྱོར་གྱི་བསྡུར་གྲངས་38%ཟིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་18ཉིན། 09:13】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཚེས་14ཉིན་པེ་ཅིང་དུ་འཚོགས་པའི་ཞབས་ཞུའི་ལས་རིགས་གྲངས་འཛིན་ཅན་གྱི་འཕེལ་རྒྱས་དང་ཀྲུང་གོའི་དཔལ་འབྱོར་སྒུལ་ནུས་གསར་པའི་བགྲོ་གླེང་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ཀྲུང་གོའི་འཚོ་བའི་ཞབས་ཞུའི་ལས་རིགས་ཀྱི་གྲངས་འཛིན་ཅན་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པ་དང་སྲོལ་རྒྱུན་གྱི་འཚོ་བའི་ཞབས་ཞུའི་ལས་རིགས་ཁག་གཅིག་གི་རྣམ་པར་འགྱུར་ལྡོག་བྱུང་ཡོད། 2019ལོར་ཀྲུང་གོའི་ཞབས་ཞུའི་ལས་རིགས་ཀྱི་གྲངས་འཛིན་དཔལ་འབྱོར་གྱི་བསྡུར་གྲངས་38%ཟིན་པ་དང་ཐོན་ལས་གསུམ་གྱི་ཁྲོད་ནས་གྲངས་འཛིན་ཅན་གྱི་ཆུ་ཚད་མཐོ་ཤོས་ཡིན་པ་དང་ཕྱོགས་སྒྱུར་བྱེད་མགྱོགས་ཤོས་ཡིན་པ་རེད།