འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་17ཉིན།

༄༅༎ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་རྩལ་ནུས་འགྲན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་17ཉིན། 12:40】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་རྩལ་ནུས་འགྲན་པ།
     ཧོ་པེ་ཞིང་ཆེན་ཀྲང་ཅ་ཁོའུ་གྲོང་ཁྱེར་ཤོན་ཧྭ་ཆུས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱེད་པ་དང་དུས་མཚུངས་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་དང་། རིམ་ཁག་བཟོ་ཚོགས་རྩ་འཛུགས་ཀྱིས་ལག་རྩལ་གསོ་སྦྱོང་དང་། ལས་ཐོག་སྦྱོང་བརྡར། རྩལ་ནུས་འགྲན་པ་སོགས་ཀྱི་བྱེད་སྒོ་ཧུར་ཐག་སྤེལ་ནས་རྒྱ་ཆེའི་ལས་བཟོའི་ཁྲོད་བསྡུར་སློབ་སྙེགས་རོགས་དང་། འགྲན་རྩོད་བྱས་ནས་ཚད་་བརྒལ་ཡོང་བ། རྩེར་སོན་བཅས་ཀྱི་རྣམ་པ་བཏོད་དེ་བཟོ་བོའི་སྙིང་སྟོབས་དང་རྩལ་ནུས་ལེགས་པོར་བརྟེན་ནས་བཟོ་སྐྲུན་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་མ་བཏང་བ་རེད། འདི་ནི་2020ལོའི་ཟླ་5ཚེས་15ཉིན་འགྲན་ཞུགས་པས་ཤོན་ཧྭ་ཆུས་སུ་2020ལོའི་ལས་རིགས་རྩལ་ནུས་འགྲན་བསྡུར་ཁྲོད་ཚ་ལ་རྒྱག་པའི་འགྲན་བསྡུར་བྱེད་བཞིན་ཡོད་པ།