འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་17ཉིན།

༄༅༎དབུལ་སྐྱོར་རྟེན་གཞིར་བརྟེན་ནས་ཞིང་པར་འབབ་འཕར་ཡོང་བ་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་16ཉིན། 08:13】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎དབུལ་སྐྱོར་རྟེན་གཞིར་བརྟེན་ནས་ཞིང་པར་འབབ་འཕར་ཡོང་བ་བྱས་པ།
     ཉེ་དུས། ཀུའེ་ཀྲོའུ་ཞིང་ཆེན་པི་ཅེ་གྲོང་ཁྱེར་ཆན་ཤིས་རྫོང་གི་དབུལ་སྐྱོར་རྟེན་གཞི་31གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག ནུས་ཤུགས་ཡོད་རྒུས་མངགས་ཐོའི་ཐོན་ཟོག་བཟོ་བར་བྲེལ་འགོ་ཚུགས། ཟླ་5པའི་ཟླ་སྟོད་བར་དབུལ་སྐྱོར་རྟེན་གཞིའི་ཁེ་ལས་ལ་རིན་ཐང་སྒོར་ཁྲི་7000ཙམ་རི་བའི་རྒྱལ་ཕྱི་རྒྱལ་ནང་གི་མངགས་ཐོ་འབྱོར་བ་དང་། མིག་སྔར་མངགས་ཐོ་བསྡོམས་འབོར་གྱི་60%ལེགས་གྲུབ་ཟིན་པ་མ་ཟད། གྲོང་གསེབ་ཀྱི་མང་ཚོགས་7436ཐག་ཉེ་སར་ལས་ཞུགས་ཐུབ་པའི་ཁྲོད་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་མང་ཚོགས་6600ཡོད་པ་རེད།
     ད་ཕན་ལོ་ཤས་རིང་། ཀུའེ་ཀྲོའུ་ཞིང་ཆེན་པི་ཅེ་གྲོང་ཁྱེར་ཆན་ཤིས་རྫོང་གིས་གཟིགས་སྐྱོང་སྲིད་ཇུས་བཏོན་ཏེ། གྱོན་གོས་ཐོན་སྐྱེད་དང་གློག་རྡུལ་ལས་སྣོན་སོགས་བྱེད་མཁན་ཁེ་ལས་46གདན་དྲངས་ནས་དབུལ་སྐྱོར་རྟེན་གཞི་བཏོད་དེ་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱས་པ་རེད།
     འདི་ནི་ལས་བཟོས་ཀུའེ་ཀྲོའུ་ཞིང་ཆེན་པི་ཅེ་གྲོང་ཁྱེར་ཆན་ཤིས་རྫོང་གི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་དབུལ་སྐྱོར་རྟེན་གཞིའི་གྱོན་གོས་བཟོ་མཁན་ཁེ་ལས་ཤིག་ཏུ་ལས་ཀ་བྱེད་བཞིན་པ།