འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་17ཉིན།

༄༅༎ས་མཐོའི་ས་ཕྱོགས་གང་སར་དཔྱིད་འདེབས་ལས་ལ་བྲེལ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་16ཉིན། 08:11】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎ས་མཐོའི་ས་ཕྱོགས་གང་སར་དཔྱིད་འདེབས་ལས་ལ་བྲེལ།
     འདི་ལོ་བོད་ཀྱི་ཞིང་ནང་སྐྱེ་དངོས་དཔྱིད་འདེབས་ཀྱི་འཆར་གཞིའི་རྒྱ་ཁྱོན་མུའུ་ཁྲི་336.18ཡིན་ཞིང་། ཟླ་4ཚེས་28ཉིན་བར་ལྗོངས་ཡོངས་སུ་དཔྱིད་འདེབས་རྒྱ་ཁྱོན་མུའུ་ཁྲི་103.64ལེགས་གྲུབ་ཟིན་པ་དང་། འཆར་གཞིར་མཁོ་བའི་ནས་སོན་སྤྱི་རྒྱ་ཁྲི་3371.73ཚང་མ་གྲབས་གསོག་བྱས་ནས་དམིགས་སར་འབྱོར་ཡོད། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་གིས་ཞིང་ལས་གཙོ་བོར་གཉེར་གྱི་ཡོད་པ་དང་། ངོ་སྤྲོད་བྱས་པར་གཞིགས་ན། ཤང་ཡོངས་ཀྱི་འདི་ལོའི་ཞིང་ལས་འདེབས་ཁྱོན་མུའུ་6781ལྷག་ཙམ་ཟིན་པའི་ནང་འབྲུ་རིགས་ཀྱི་འདེབས་ཁྱོན་མུའུ་4500ཙམ་ཟིན་གྱི་ཡོད།