འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་15ཉིན།

༄༅།།ཇོ་མོ་གླང་མའི་མཐོ་ཚད་འཇལ་བར་ད་ཐེངས་“ཚད་བརྒལ་གྱི་ཚན་རྩལ། ”ཞིག་སྤྱོད་རྒྱུ་རེད་འདུག

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་15ཉིན། 13:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཇོ་མོ་གླང་མའི་མཐོ་ཚད་འཇལ་བར་ད་ཐེངས་“ཚད་བརྒལ་གྱི་ཚན་རྩལ། ”ཞིག་སྤྱོད་རྒྱུ་རེད་འདུག
   མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་14ཉིན་2020ལོའི་ཇོ་མོ་གླང་མའི་མཐོ་ཚད་འཇལ་བའི་གོ་རིམ་ཁྲོད་དུ། “ཚད་བརྒལ་གྱི་ཚན་རྩལ”རྣམ་གྲངས་ཞིག་ལ་དོ་ཁུར་ཆེན་པོ་ཐོབ་ཡོད་པ་དང་། དེ་ནི་རང་བྱུང་ཐོན་ཁུངས་པུའི་ཀྲུང་གོ་ས་གཤིས་བརྟག་ཞིབ་ཅུས་ཀྱི་མཁའ་འགྲུལ་དངོས་འཚོལ་རྒྱང་ཚོར་ལྟེ་གནས་ཀྱི་གནམ་གྲུ་“མཁའ་འགྲུལ་ས་གཤིས་རྟགས་ཅན་ཨང་དང་པོ”དང་དེའི་ཐོག་འཁྱེར་བའི་ཚད་འཇལ་སྒྲིག་ཆས་ཡིན་པ་རེད།
   ཤེས་རྟོགས་བྱུང་བར་གཞིགས་ན། 2020ལོའི་ཇོ་མོ་གླང་མའི་མཐོ་ཚད་འཇལ་བའི་ལས་འགན་ལ་ས་ངོས་དང་མཁའ་དབྱིངས་ནས་ཚད་འཇལ་བྱེད་པ་ཁག་གཉིས་ཡོད་པ་དང་། མཁའ་དབྱིངས་ཚད་འཇལ་གྱི་ལས་འགན་ནི་“མཁའ་འགྲུལ་ས་གཤིས་རྟགས་ཅན་ཨང་དང་པོས་”ལེགས་འགྲུབ་བྱ་རྒྱུ་དང་། དེར་མཁའ་འགྲུལ་ས་སྙིང་འཐེན་ཤུགས་དང་རྒྱང་ཚོར་ཚད་འཇལ་བཅས་ཡོད་པ་དང་། དེས་མགྱོར་མྱུར་དང་། ལས་ཕྱོད་ཆེ་བ། ཞིབ་ཚད་མཐོན་བ་བཅས་ཀྱི་ཐོག་ནས་ཇོ་མོ་གླང་མའི་མཐོ་ཚད་ཀྱི་འགག་རྩའི་གྲངས་གཞི་ཐོབ་ཐུབ་ཀྱི་ཡོད་པ་རེད།
    ཁྲེན་པིང་གིས་ངོ་སྤྲོད་བྱས་དོན། ཐེངས་འདིའི་ཇོ་མོ་གླང་མའི་མཐོ་ཚད་འཇལ་བའི་འཕུར་སྐྱོད་མཐོ་ཚད་ནི་སྨི་9800--10250བར་ཡིན་ཞིང་། འཛམ་གླིང་ཐོག་གི་སྔོན་ཐོན་ཆུ་ཚད་ལྡན་པའི་གནམ་གྲུའི་ཐོག་འཁྱེར་བའི་སྒྲིག་ཆས་རིགས་འདྲ་མིན་སྤྱད་ཡོད་པ་དང་། དེའི་ནང་རང་བརྟེན་ཞིབ་འཇུག་གསར་སྤེལ་གྱི་རྒྱལ་ནང་ནས་ཐོན་སྐྱེད་བྱས་པའི་ས་སྙིང་འཐེན་ཤུགས་དཔྱད་ཆས་ཆ་ཚང་གཉིས་དང་། ནང་འདྲེན་བྱས་པའི་ས་སྙིང་འཐེན་ཤུགས་དཔྱད་ཆས་ཆ་ཚང་གཉིས། ADS100མཁའ་འགྲུལ་པར་ཆས་ཆ་ཚང་གཅིག་དང་སྐུལ་འོད་ལེ་ཏ་ཚད་འཇལ་དཔྱད་ཆས་ཆ་ཚང་ཅིག་བཅས་ཡོད།
    ངོ་སྤྲོད་བྱས་པར་གཞིགས་ན། རང་བྱུང་ཐོན་ཁུངས་པུའི་ཀྲུང་གོ་ས་གཤིས་བརྟག་དཔྱད་ཅུས་ཀྱི་མཁའ་འགྲུལ་དངོས་འཚོལ་རྒྱང་ཚོར་ལྟེ་གནས་ཀྱིས་ཏང་དང་རྒྱལ་ཁབ་གྱི་དགོས་མཁོར་འདེགས་སྐྱོར་དང་ཞབས་འདེབས་ཞུ་རྒྱུ་དེ་རང་གི་ལས་འགན་ལ་རྩིས་ནས། མགྱོགས་མྱུར་དང་།  གནམ་གཤིས་ལ་མ་བལྟོས་པ་སོགས་ཀྱི་ལག་རྩལ་གྱི་ལེགས་ཆ་འདོན་སྤེལ་བྱས་ནས། “འཛམ་གླིང་ཡང་རྩེ”ཚད་འཇལ་གྱི་འགྲན་རྩོད་ལས་འགན་ལེགས་འགྲུབ་ཡོང་བ་བྱ་རྒྱུ་མ་ཟད། ད་དུང་འཛམ་གླིང་ལ་“ཀྲུང་གོའི་ས་གཤིས་བརྟག་དཔྱད་མཁའ་དམག་”གི་ལག་རྩལ་དང་སྒྲིག་ཆས་ཀྱི་སྟོབས་ཤུགས་དང་ཚན་རྩལ་ནུས་པ་ངོམ་སྟོན་བྱ་རྒྱུ་ཡིན་པ་རེད།