འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་15ཉིན།

༄༅༎རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་མི་སྒེར་གྱི་
ཆ་འཕྲིན་སྲུང་སྐྱོང་བཅའ་ཁྲིམས་ཀྱི་འཆར་ཟིན་ཞིབ་འཇུག་བྱེད་བཞིན་ཡོད་ཅེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་15ཉིན། 12:35】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཚེས་14ཉིན་གསར་འགོད་པས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་བཅའ་ཁྲིམས་ཀྱི་འཆར་ཟིན་ཞིབ་འཇུག་བྱེད་བཞིན་ཡོད་ལ། མིག་སྔར་འཆར་ཟིན་གྱི་མ་ཟིན་གྲུབ་ཟིན་ཡོད་པ་རེད།
     རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས། ཉེ་བའི་ལོ་ཤས་རིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས་དང་། དམངས་ཁྲིམས་ཀྱི་སྤྱིའི་རྩ་དོན། ཉེས་ཁྲིམས། གློག་རྡུལ་ཚོང་དོན་བཅའ་ཁྲིམས་སོགས་བཅའ་ཁྲིམས་གཏན་འབེབས་དང་བཟོ་བཅོས་རྒྱག་པའི་ཁྲོད། མི་སྒེར་གྱི་ཆ་འཕྲིན་ཁེ་དབང་དང་། མི་སྒེར་གྱི་ཆ་འཕྲིན་ཐག་གཅོད་སྒྲིག་སྲོལ། མི་སྒེར་གྱི་ཆ་འཕྲིན་བདེ་འཇགས་སྲུང་སྐྱོང་བྱེད་ཐབས་སོགས་གཏན་འབེབས་བྱས་ནས་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་གི་འབྲེལ་ཡོད་བཅའ་ཁྲིམས་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བཞིན་ཡོད་ཅེས་བརྗོད་པ་རེད།
     འགན་ཁུར་བ་དེས། གྲངས་གཞི་ཆེ་མོ་དང་མིས་བཟོས་རིག་ནུས་སོགས་ལག་རྩལ་གསར་པ་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་མི་སྒེར་གྱི་ཆ་འཕྲིན་འཚོལ་བསྡུ་དང་བཀོལ་སྤྱོད་དེ་བས་རྒྱ་ཁྱབ་ཏུ་ཕྱིན་ཡོད་པས་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལས་འགན་དེ་བས་དཀའ་ཚེགས་ཆེ་རུ་ཕྱིན་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་འཆར་འགོད་དང་ཁྲིམས་འཛུགས་ལས་ཀའི་འཆར་གཞིའི་བཀོད་སྒྲིག་ལྟར། 2018ལོ་ནས་བཟུང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་དང་མཉམ་དུ་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས་སོགས་བཅའ་ཁྲིམས་ལག་བསྟར་ཉམས་མྱོང་ཕྱོགས་བསྡོམས་ནན་ཏན་དང་། མི་སྒེར་གྱི་ཆ་འཕྲིན་བེད་སྤྱོད་དང་སྲུང་སྐྱོང་ཁྲོད་ཀྱི་གནད་དོན་མངོན་གསལ་ཅན་ལ་ཞིབ་འཇུག་གཏིང་ཟབ། འབྲེལ་ཡོད་རྒྱལ་ཁབ་དང་ས་ཁུལ་གྱི་བཅའ་ཁྲིམས་ལམ་ལུགས་དཔྱད་གཞིར་འཛིན་པ་བཅས་ཀྱི་རྨང་གཞིའི་ཐོག མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་བཅའ་ཁྲིམས་ཀྱི་འཆར་ཟིན་ཞིབ་འཇུག་ལས་ཀར་དམ་འཛིན་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད།
     གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར། མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་བཅའ་ཁྲིམས་འཆར་ཟིན་གྱི་མ་ཟིན་གྲུབ་ཟིན་པ་དང་། ཕྱོགས་ཁག་གི་བསམ་འཆར་ལྟར་སྔར་བས་འཐུས་ཚང་དུ་བཏང་རྗེས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་ལས་ཀའི་བཀོད་སྒྲིག་ལྟར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་གྲོས་ཞིབ་བྱ་རྒྱུར་གང་མགྱོགས་འབུལ་རྒྱུའི་བརྩོན་ལེན་བྱ་རྒྱུ་རེད།