འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་15ཉིན།

༄༅༎མགྱོགས་གྲུ་ཨང་དང་པོ་རྟགས་ཅན་གྱི་མེ་ཤུགས་འཕུར་མདའ་ཀ་པས་སྤྲིན་པ་ཨང་གཉིས་པ་རྟགས་ཅན་གྱི་
སྲུང་སྐར་བདེ་བླག་ངང་འཕེན་གཏོང་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་15ཉིན། 09:57】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎མགྱོགས་གྲུ་ཨང་དང་པོ་རྟགས་ཅན་གྱི་མེ་ཤུགས་འཕུར་མདའ་ཀ་པས་སྤྲིན་པ་ཨང་གཉིས་པ་རྟགས་ཅན་གྱི་
སྲུང་སྐར་བདེ་བླག་ངང་འཕེན་གཏོང་བྱས་པ།
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་12ཉིན་གྱི་ཆུ་ཚོད་9དང་སྐར་མ་16ཐོག་རང་རྒྱལ་གྱི་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་མགྱོགས་གྲུ་ཨང་དང་པོ་རྟགས་ཅན་གྱིས་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཀ་པ་སྤྱད་དེ“འཕུར་མདའ་གཅིག་དང་སྲུང་སྐར་གཉིས”ཀྱི་རྣམ་པ་སྤྱད་དེ་སྤྲིན་པ་ཨང་གཉིས་པ་རྟགས་ཅན་གྱི་སྲུང་སྐར་01/02བར་སྣང་དུ་བདེ་བླག་ངང་འཕེན་གཏོང་བྱས་པས་སྲུང་སྐར་དེ་སྔོན་གཏན་འཁེལ་བའི་འཁོར་ལམ་ཐོག་འབྱོར་ནས་འཕེན་གཏོང་ལས་འགན་ལེགས་གྲུབ་བྱུང་བ་རེད།
     ད་ཐེངས་ནི་མགྱོགས་གྲུ་ཨང་དང་པོ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཀ་པས་འཕེན་གཏོང་ལས་འགན་ལག་བསྟར་བྱེད་ཐེངས་དགུ་པ་དེ་རེད།
     འདི་ནི་སྤྲིན་པ་ཨང་གཉིས་པ་རྟགས་ཅན་གྱི་སྲུང་སྐར་01/02བར་སྣང་དུ་བདེ་བླག་ངང་འཕེན་གཏོང་བྱས་པས་སྲུང་སྐར་སྔོན་གཏན་འཁེལ་བའི་འཁོར་ལམ་ཐོག་འབྱོར་བ།