འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་14ཉིན།

༄༅།།མཚོ་སྔོན་གྱིས་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་གི་བྱ་ཐབས་ལྔ་བཟོས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་14ཉིན། 13:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་11ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱུང་གསལ། མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་མཉམ་འབྲེལ་ཐོག་《བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་ལས་དོན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བའི་མཉམ་ལས་ལམ་སྲོལ་འཛུགས་རྒྱུའི་སྐོར་གྱི་ལས་ཀའི་བྱ་ཐབས་དོན་ཚན་ལྔ། 》(གཤམ་དུ་《བྱ་ཐབས》ཞེས་བསྡུ་རྒྱུ) མིང་རྟགས་བཀོད་དེ།  ཞིབ་དཔྱོད་ལས་ཁུངས་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་དབར་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བུད་མེད་དང་བྱིས་པའི་ཁེ་དབང་ལ་གནོད་འཚེ་གཏོང་བའི་ཉེས་གསོག་ལ་རྡུང་རྡེག་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་འཛིན་སྲུང་སྐྱོང་གི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་བ། བུད་མེད་དང་བྱིས་པ་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
    ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱིས་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་མཉམ་འགུལ་ལམ་སྲོལ་ཕྱོགས་ཡོངས་ནས་འཛུགས་རྒྱུ་ཡིན་པ་རེད།     བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་བུད་མེད་དང་བྱིས་པའི་དམངས་དོན་དང་སྲིད་འཛིན་སོགས་ཀྱི་ཁྲིམས་མཐུན་དབང་ཆར་གནོད་འཚེ་ཕོག་པའི་གྱོད་གཞིའི་ཁུངས་སྣེ་དུས་ཐོག་ཏུ་རིམ་མཚུངས་ཞིབ་དཔྱོད་ཁང་ལ་སྐྱེལ་དགོས། ལས་ཞུགས་ཐད་ཕོ་མོ་དབྱེ་ནས་མཐོང་ཆུང་བྱེད་པ་དང་འབྲེལ་བར་དམིགས་ནས། རིམ་ཁག་ཞིབ་དཔྱོད་ལས་ཁུངས་ལ་ཞིབ་དཔྱོད་གྲོས་འགོ་འདོན་པའམ་ཡང་ན་སྤྱི་ཕན་གཏུག་བཤེར་བྱས་ཆོག
   མཚོ་སྔོན་ཞིང་ཆེན་གྱིས་ད་དུང་མི་དར་མ་འོས་འཚམ་ཞིག་ཁྲིམས་རར་ཡོང་བའི་ལམ་ལུགས་དང་ཆ་རྐྱེན་ཟུར་བཀོད་ཀྱི་ཞུ་གཏུག་མི་བྱེད་པ་སོགས་གྱོད་འབྲེལ་ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་འཛིན་སྲུང་སྐྱོང་ལམ་ལུགས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། དེ་དང་དུས་མཚུངས“དྲ་རྒྱ་+བུད་མེད་མཉམ་འབྲེལ་ལྷན་ཚོགས”གཞི་རྟེན་དུ་བྱས་ནས་12338བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་ཞབས་ཞུའི་ཐད་སྦྲེལ་ཁ་པར་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲ་རྒྱའི་སྨྱན་སྦྱོར་གསར་པའི་ལས་སྟེགས་ལ་བརྟེན་ནས་སེམས་ཁམས་བློ་འདྲི་དང་སེམས་ཁམས་བདེ་ཐང་གི་ཞབས་ཞུ་མཁོ་འདོན་བྱས་པ་རེད།
    《བྱ་ཐབས》ནང་ཐོན་ཁུངས་བསྡུ་སྒྲིལ་དང་རྣམ་གྲངས་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་ལས་དོན་ཐུན་མོང་ཐོག་སྤེལ་དགོས་པའི་བླང་བྱ་བཏོན་ཡོད། ཞིབ་དཔྱོད་ལས་ཁུངས་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་རྣམ་པ་སྣ་ཚོགས་ཀྱི་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས། ན་སོ་དར་ལ་མ་བབས་པའི་མིའི་སློབ་གསོ་གསོ་སྦྱོང་དང་ལྟ་སྐྱོང་ལས་རིགས་སོགས་ཀྱི་ལས་ཐོག་འདྲི་རྩད་དང་ལས་ཞུགས་ཚོད་འཛིན་ལམ་ལུགས་དོན་འཁྱོལ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུར་ཐུན་མོང་ཐོག་སྐུལ་འདེད་བཏང་ཡོད།
     དེ་དང་ཆབས་ཅིག མཚོ་སྔོན་ཞིང་ཆེན་གྱིས་བུད་མེད་དང་བྱིས་པའི་ཁེ་ཕན་དང་འབྲེལ་བ་དམ་ཟབ་ཡོད་པའི་བཅའ་ཁྲིམས་ཁྲིམས་སྲོལ་དང་སྤྱི་པའི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྔར་བས་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། ཞིབ་དཔྱོད་ལས་ཁུངས་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་བཅའ་ཁྲིམས་ཞབས་ཞུའི་ཐོན་ཁུངས་བརྩོན་ལེན་ཧུར་ཐག་བྱས་ཏེ། ཡིག་བསྐུར་ངོ་བཅར་བྱེད་གནས་དང་། 12338དབང་སྲུང་ཐད་སྦྲེལ་ཁ་པར། བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་ཞབས་ཞུའི་ས་ཚིགས། བུད་མེད་ཀྱི་ཁྱིམ་གཞིས། བྱིས་པའི་ཁྱིམ་ཚང་བཅས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། བུད་མེད་དང་བྱིས་པའི་ཁེ་དབང་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་ཁྲིམས་སྲོལ་དང་སྤྱི་པའི་སྲིད་ཇུས་འཐུས་ཚང་ཡོང་བར་སྐུལ་འདེད་བཏང་ཡོད།
    《བྱ་ཐབས》ནང་དུས་བཀག་གི་གྲོས་མོལ་ལམ་སྲོལ་འཛུགས་རྒྱུ་ཁ་གསལ་བཏོན་ཡོད། ཞིབ་དཔྱོད་ལས་ཁུངས་ཀྱིས་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་དང་མཉམ་དུ་འབྲེལ་གཏུག་པའི་ལམ་ལུགས་བཙུགས་ནས། འབྲེལ་ཡོད་སྡེ་ཚན་དང་སྤྱི་ཚོགས་ཀྱི་གྲུབ་ཆ་གཙོ་བོ་གཞན་དག་དང་འབྲེལ་གཏུག་བྱས་པ་དང་། བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་།  སྤེལ་རེས་ལམ་སྲོལ་འཚོལ་ཞིབ་དང་འཛུགས་པ། དཔུང་ཁག་གི་གྲུབ་ཚུལ་ལེགས་སུ་གཏོང་བ་།  འགན་འཁྲི་སྒྲུབ་ནུས་ཆེ་རུ་གཏོང་རྒྱུར་མཉམ་སྲུང་བྱས་ཡོད།