འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་14ཉིན།

༄༅།རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཧུའུ་ཡུས་ཀྱིས། སྨན་བཅོས་སྐྱོབ་བཅོས་མ་ལག་འཐུས་ཚང་དུ་བཏང་ནས་གཞི་རིམ་
སྡེ་ཁུལ་གྱི་སྨན་བཅོས་སྐྱོབ་བཅོས་ནུས་པ་ཆེ་རུ་གཏོང་དགོས་ཞེས་བརྗོད།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་14ཉིན། 11:31】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
ཟླ་5ཚེས་8ཉིན་ཧུའུ་ཡུས་ཝུའུ་ཧན་ཞེ་ཧོ་སྨན་ཁང་གི་ཁྲག་རྒྱུན་ཚན་ཁག་ཏུ་ལས་ལ་བྲེལ་བཞིན་པ།
ཟླ་5ཚེས་8ཉིན་ཧུའུ་ཡུས་ཝུའུ་ཧན་ཞེ་ཧོ་སྨན་ཁང་གི་ཁྲག་རྒྱུན་ཚན་ཁག་ཏུ་ལས་ལ་བྲེལ་བཞིན་པ།
     མི་དམངས་དྲ་བའི་འཕྲིན། རིམས་ནད་ཐོན་རིང་ཝུའུ་ཧན་ཞེ་ཧོ་སྨན་ཁང་གིས་ཏོག་གསར་གློ་ཚད་ཕོག་པའི་ནད་པ་མི་ཐེངས་5200ལྷག་ཙམ་ལ་སྨན་བཅོས་བྱས་པ་དང་། ཚ་བ་བརྒྱབ་པའི་ནད་པ་ཁྲི་2ལྷག་ཙམ་ལ་སྨན་བཅོས་བྱས་པ། སྟོབས་བསྟུན་སྨན་ཁང་གཉིས་ལ་དོ་དམ་བྱས་པ་བཅས་ལས་ཉམས་མྱོང་ཕུན་སུམ་ཚོགས་པོ་བསགས་ཡོད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཧུའུ་ཡུས་ནི་ཝུའུ་ཧན་ཞེ་ཧོ་སྨན་ཁང་གི་ཡོན་ཀྲང་ཡིན་པ་དང་ད་ཐེངས་ཀྱི་ཏོག་གསར་གློ་ཚད་ལ་འགོག་རྒོལ་བྱེད་པའི་དམག་འཐབ་ནང་ཁོང་གིས་ཐོག་མཐའ་བར་གསུམ་དུ་འཐབ་ཕྱོགས་དང་པོར་འབད་འཐབ་བྱས་ཡོད། ཧུའུ་ཡུས་ཀྱིས་འབྱུང་འགྱུར་རང་རྒྱལ་གྱིས་སྨན་བཅོས་སྐྱོབ་བཅོས་མ་ལག་སྔར་བས་འཐུས་ཚང་དུ་གཏོང་དགོས་པ་དང་། གཞུང་བཙུགས་སྨན་ཁང་ཆེ་གྲས་ཀྱིས་ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཚབས་ཆེན་ལ་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་གཏོང་དགོས། དེ་དང་ཆབས་ཅིག་གཞི་རིམ་སྡེ་ཁུལ་གྱི་སྨན་བཅོས་སྐྱོབ་བཅོས་ནུས་པ་སྔར་བས་ཆེ་རུ་གཏོང་དགོས་ཞེས་བརྗོད་པ་རེད།
【1】  【2】  【3】  【4】
༄༅།རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཧུའུ་ཡུས་ཀྱིས། སྨན་བཅོས་སྐྱོབ་བཅོས་མ་ལག་འཐུས་ཚང་དུ་བཏང་ནས་གཞི་རིམ་
སྡེ་ཁུལ་གྱི་སྨན་བཅོས་སྐྱོབ་བཅོས་ནུས་པ་ཆེ་རུ་གཏོང་དགོས་ཞེས་བརྗོད།