འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་14ཉིན།

༄༅༎རྒྱལ་ཡོངས་སྲིད་གྲོས་གྲོས་གཞི་ཨུ་ཡོན་ལྷན་ཁང་ལ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་
དང་འབྲེལ་བའི་གྲོས་གཞི་300ཙམ་འབྱོར་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་14ཉིན། 11:29】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཚེས་13ཉིན་གསར་འགོད་པས་རྒྱལ་ཡོངས་སྲིད་གྲོས་གྲོས་གཞི་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར་རྒྱལ་ཡོངས་སྲིད་གྲོས་གྲོས་གཞི་ཨུ་ཡོན་ལྷན་ཁང་ལ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་དང་འབྲེལ་བའི་གྲོས་གཞི་300ཙམ་འབྱོར་ཡོད་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་པ་ནས་བཟུང་གྲོས་གཞི་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་བླང་བྱ་ལྟར་མགྱོགས་མྱུར་བྱ་སྤྱོད་སྤེལ་ནས་ཇུས་བཟང་རྒྱ་ཁྱབ་ངང་བསྡུ་རུབ་དང་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་སྡུད་བྱས་ཏེ་ལས་དོན་རབ་དང་རིམ་པ་སྤེལ་ཡོད། ཟླ་2ཚེས་13ཉིན་གྲོས་གཞི་ཨུ་ཡོན་ལྷན་ཁང་གིས་སྨན་དོན་དང་འཕྲོད་བསྟེན་ལས་རིགས་ཀྱི་ཨུ་ཡོན་གྱིས་བཏོན་པའི་གྲོས་འགོ་དང་ལེན་ཞུས་ནས་ཀྲུའུ་རེན་གྱི་ཁ་པར་ཚོགས་འདུ་འཚོགས་ནས་དེ་མཚུངས་ཀྱི་བྱ་ཐབས་བཟོས་པ་རེད། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དམིགས་བསལ་དུས་སྐབས་སུ་གྲོས་གཞི་ཨུ་ཡོན་ལྷན་ཁང་གིས་དམིགས་བསལ་ལས་དོན་དམིགས་བསལ་གྱིས་སྒྲུབ་པ་དང་། ཛ་དྲག་ཆེ་བའི་ལས་དོན་མྱུར་དུ་སྒྲུབ་པ། གལ་འགངས་ཆེ་བའི་ལས་དོན་མཉམ་དུ་སྒྲུབ་པ་བཅས་ཀྱི་རྩ་དོན་ལྟར། སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་གྱི་“མྱུར་བགྲོད་ལམ་བུ”འཛུགས་པ་དང་། གྲོས་གཞིའི་ལས་དོན་གྱི་སྤུས་ཚད་ཀྱི་སྟོན་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། གྲོས་གཞིའི་ཐུན་མོང་མ་ཡིན་པའི་ཁྱད་ཡོན་དང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དེ་བཞིན་དུས་ནུས་རང་བཞིན་ཅུང་ཆེ་བའི་གྲོས་གཞི་གཞན་དག་དུས་ཐོག་ཏུ་རིགས་དབྱེ་ཐག་གཅོད་བྱས་ཏེ། ཨང་དང་པོར་བལྟ་བའི་རང་བཞིན་གྱི་ཡིག་ཆའི་ཐོག་ནས་འབྲེལ་ཡོད་སྡེ་ཚན་ལ་བསྐྱལ་བ་མ་ཟད། གྲོས་གཞིའི་ཞིབ་བཤེར་གོ་རིམ་ནང་བཅུག་ནས་བཏོན་པའི་བསམ་འཆར་དང་གྲོས་འགོའི་ནུས་པ་འདོན་སྤེལ་ཐུབ་པའི་འགན་ལེན་བྱས་ཡོད།
     མིག་སྔར་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་གྲོས་གཞིའི་འབྲེལ་ཡོད་ལས་དོན་ཛ་དྲག་དང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།