འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་14ཉིན།

༄༅།།མཚོ་སྔོན་གྱིས། ལྷད་མེད་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཀྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་14ཉིན། 08:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་ཟི་ལིང་ནས་ཟླ་5ཚེས་12ཉིན་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན། གྲོང་གསེབ་ཞིང་ལས་པུའུ་དང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་པུའུ་དང་ཞིང་ཆེན་གཉིས་ཀྱིས་མཚོ་སྔོན་གྱི་ལྷད་མེད་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཀྱི་དཔེ་སྟོན་ཞིང་ཆེན་མཉམ་དུ་འཛུགས་སྐྱོང་བྱེད་པའི་སྐུལ་སྤེལ་ལས་དོན་གྱི་བརྙན་ལམ་ཚོགས་འདུ་འཚོགས་ཤིང་། སྐུལ་སྤེལ་ཚོགས་འདུ་འཚོགས་པ་བརྒྱུད། མཚོ་སྔོན་གྱི་གནོད་མེད་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཀྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྱོང་ལས་དོན་ལ་ཡང་བསྐྱར་ཞིབ་འཇུག་དང་། ཡང་བསྐྱར་བཀོད་སྒྲིག ཡང་བསྐྱར་སྐུལ་སྤེལ་བཅས་བཏང་ནས། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་ཆགས་པར་བྱ་རྒྱུ་ཡིན་པ་རེད།
     མཚོ་སྔོན་ནི་འཛམ་གླིང་གི་སྤྱི་གནོད་མེད་པའི་དག་གཙང་ཁུལ་ཆེན་པོ་བཞི་དང་རྒྱལ་ཡོངས་ཀྱི་འབྲོག་ཁུལ་ཆེན་པོ་ལྔའི་གྲས་ཡིན་ལ། ས་མཐོར་གནས་ཕྱིར་ཉི་འོད་འདང་ངེས་དང་གནམ་གཤིས་བསིལ་ཞིང་སྐམ་ཤས་ཆེ་བ། ནད་འབུའི་གནོད་པ་ཉུང་བ། སོན་སྤུས་ལེགས་པ་སོགས་ཀྱི་ལེགས་ཆ་ལྡན་པས། སྣོད་བཅུད་སྐྱེ་ལྡན་ཞིང་འབྲོག་ལས་གཏོད་རྒྱུར་ཆ་རྐྱེན་ཡག་པོ་ཡོད། དཔེ་སྟོན་ཞིང་ཆེན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བར། ཐུན་མོང་མ་ཡིན་པའི་གནས་ཡུལ་དང་གནམ་གཤིས་ཀྱི་ལེགས་ཆ། ཚན་རྩལ་གསར་གཏོད་དང་ངལ་རྩོལ་པའི་བྱང་ཚད་མཐོར་གཏོང་བཅས་ལ་བརྟེན་ནས། ནོར་ལུག་དང་ནས་སོགས་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་སྤུས་ལེགས་མགྱོགས་མྱུར་སྐྱེད་སྲིང་དང་། གནོད་མེད་དང་། སྐྱེ་ལྡན། སྤུས་ལེགས། བདེ་འཇགས་བཅས་ཀྱི་ཁྱད་ལྡན་ཐོན་རྫས་ཡག་པོ་མཁོ་འདོན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ཞིང་ལས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ཞིང་འབྲོག་མང་ཚོགས་ཀྱི་ཕྱུག་འགྱུར་ལམ་བུ་ཡངས་སུ་ནུས་ལྡན་གཏོང་བ་བཅས་བྱས་ནས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།
     ཤེས་རྟོཌ་བྱུང་བར་གཞིཌ་ན། གཏོད་འཛུགས་ལས་དོན་སྤེལ་འགོ་ཚུགས་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱི་རྫོང(ཆུས)19ཡི་ཞིང་ཁ་མུའུ་ཁྲི་114རུ་རྫས་ལུད་དང་ཞིང་སྨན་ཉུང་དུ་བཏང་ནས་ཕན་འབྲས་ཆེ་རུ་གཏོང་བའི་ཚོད་ལྟའི་ལས་དོན་སྤེལ་བ་མ་ཟད། ཚོད་ལྟའི་ཞིང་ཁ་59བཙུགས་ནས་ཐོན་འབབ་ལ་ཚད་ལེན་དཔྱད་དཔོག་བྱས་པར། ཞིང་ཆེན་ཡོངས་ཀྱི་རྫས་ལུད་དང་ཞིང་སྨན་སྤྱོད་ཚད་24.4%དང་21.03%སོ་སོར་ཉུང་དུ་ཕྱིན་པ་དང་། སྐྱེ་ལྡན་སྐྱེ་དངོས་ཀྱི་ཞིང་སྨན་སྤྱོད་ཚད་དུས་མཚུངས་ལས་70%མང་དུ་ཕྱིན་ནས། རྫས་ལུད་དང་ཞིང་སྨན་ཉུང་དུ་བཏང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་རེད།