འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་14ཉིན།

༄༅།།ཡོ་རོབ་དང་ཨེ་ཤེ་ཡའི་དུས་གཏན་མེ་འཁོར“ཧྲན་ཏུང་རྟགས་ཅན”གཏོང་འགོ་ཚུགས་ནས་འདི་ལོ་གཏོང་ཐེངས་500ལ་སླེབས་པ། 

དུས་མཚུངས་ལས་40%མང་དུ་སོང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་14ཉིན། 08:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་ཅིས་ནན་ནས་ཟླ་5ཚེས་12ཉིན་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན། ཧྲན་ཏུང་མྱུར་བགྲོད་ཚོགས་པ་ཚད་ཡོད་ཀུང་སི་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། ཧྲན་ཏུང་མྱུར་བགྲོད་ཚོགས་པ་ཀུང་སིས་སྤྱི་འདོམས་ངང་ལས་གཉེར་བྱེད་པའི་ཡོ་རོབ་དང་ཨེ་ཤེ་ཡའི་དུས་གཏན་མེ་འཁོར“ཧྲན་ཏུང་རྟགས་ཅན”དེ་ཚེས་12ཉིན་འདི་ལོའི་གཏོང་ཐེངས་500ལ་སླེབས་པ་དེ་ན་ནིང་གི་དུས་མཚུངས་ལས་གཏོང་གྲངས་40%མང་དུ་སོང་ཡོད་པ་རེད།
     ཧྲན་ཏུང་མྱུར་བགྲོད་ཀྱི་ཡོ་རོབ་དང་ཨེ་ཤེ་ཡའི་དུས་གཏན་མེ་འཁོར་ཧྲན་ཏུང་རྟགས་ཅན་ལས་གཉེར་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་མཱ་ཁྲུན་པོ་ཡིས་ངོ་སྤྲོད་བྱས་དོན། འདི་ལོའི་ཟླ་བ་དང་པོ་ནས་བཞི་པ་བར་ཡོ་རོབ་དང་ཨེ་ཤེ་ཡའི་དུས་གཏན་མེ་འཁོར“ཧྲན་ཏུང་རྟགས་ཅན”གཏོང་ཐེངས་ཟླ་རེ་བཞིན་མང་དུ་བཏང་བ་ལས། ཧྲན་ཏུང་ཞིང་ཆེན་གྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཐུབ་པའི་རྣམ་པ་བཟང་པོ་མངོན་ནས་དཔལ་འབྱོར་འཁོར་སྐྱོད་རིམ་བཞིན་རྒྱུན་རྣམ་ཅན་དུ་སླར་གསོ་བྱུང་བ་མཚོན་ཡོད།
     རིམས་ནད་ཀྱིས་ཟོག་འགྲེམས་སྐྱེལ་འདྲེན་ལ་ཐེབས་པའི་ཤུགས་རྐྱེན་ལ་དམིགས་ནས། ཧྲན་ཏུང་མྱུར་བགྲོད་ཚོགས་པས“ཧྲན་ཏུང་རྟགས་ཅན་གྱི་རི་པིན་ནས་ཧན་གོའི་བར་གྱི་སྐམ་མཚོའི་མྱུར་བགྲོད་ལམ་ཐིག”དང་། “ཧྲན་ཏུང་རྟགས་ཅན་གྱི་ཧྲན་ཏུང་ནས་ཡོ་རོབ་བར་གྱི་མྱུར་བགྲོད་ལམ་ཐིག”“ཧྲན་ཏུང་རྟགས་ཅན་གྱི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་མྱུར་བགྲོད་ལམ་ཐིག”སོགས་ཀྱི་རྣམ་གྲངས་བཏོན་ནས་དུས་གཏན་དང་རྒྱུན་རྣམ་ཅན་གྱི་ལས་གཉེར་ཐུབ་པ་དང་སྦྲགས། ཕྱི་ཕྱོགས་ཚོང་དོན་ཁེ་ལས་དང་རང་རྟོགས་ངང་སྦྲེལ་མཐུད་བྱས་ཏེ། ཧའེ་ཨེར་དང་། ཀྲུང་གོ་ལྗི་འདེགས་རླངས་འཁོར། ཧྲན་ཏུང་ལིན་ཀུང་སོགས་ཁེ་ལས་གཙོ་བོས“གནས་གཏད་གནས”ཀྱི་སྔོན་གཏན་འཁེལ་བའི་ཆེད་གཏོང་མེ་འཁོར་16བཏང་ཡོད།