མི་དམངས་དྲ་བ།

༄༅༎རྒྱལ་སྤྱིའི་སྨན་གཡོག་དུས་ཆེན་འཆར་སྐབས། ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་སྨན་གཡོག་ཚོར་དུས་ཆེན་གྱི་
རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་13ཉིན། 09:58】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་11ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་སྤྱིའི་སྨན་གཡོག་དུས་ཆེན་འཆར་སྐབས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ། རྒྱལ་ཡོངས་ཀྱི་རྒྱ་ཆེའི་སྨན་གཡོག་ཚོར་དུས་ཆེན་གྱི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།
     ཞི་ཅིན་ཕིང་གིས་བསྟན་དོན། ཏོག་གསར་གློ་ཚད་རིམས་ནད་ཐོན་རྗེས། རྒྱ་ཆེའི་སྨན་གཡོག་ཚོས་ཕྱིར་བཤོལ་མི་བྱེད་པ་དང་དཀའ་ངལ་ལ་མ་འཛེམ་པར། གོས་དཀར་གྱོན་པ་དང་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བ། དཔའ་ངར་ཞུམ་མེད་ངང་རྒྱལ་ནང་དང་རྒྱལ་ཕྱིའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་འཐབ་རྩོད་ཀྱི་འཐབ་ས་དང་པོར་བསྐྱོད་དེ། ཀྲུང་གོའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་དང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་འགན་ལེན་བྱ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཚེ་སྲོག་ལ་བསྙེན་བཀུར་དང་། ནད་བཅོས་སྲོག་སྐྱོབ། ལེགས་སྐྱེས་འབུལ་འདོད་པ། བརྩེ་སེམས་ཟབ་མོ་འཆང་བ་བཅས་ཀྱི་བླ་ན་མེད་པའི་སྙིང་སྟོབས་ལག་ལེན་བསྟར་ཡོད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སྨན་གཡོག་ལས་དོན་ནི་འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་གི་གྲུབ་ཆ་གལ་ཆེན་ཞིག་རེད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རྒྱ་ཆེའི་སྨན་གཡོག་ཚོར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་པ་དང་། སྨན་གཡོག་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་འཕེལ་རྒྱས་ཀྱི་རྨང་གཞིའི་ལས་དོན་གལ་ཆེན་ཞིག་ཏུ་བརྩི་རྒྱུར་དམ་འཛིན་བྱས་ཏེ། ལྕག་སྐུལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། སྔོན་ཐོན་དཔེ་མཚོན་དྲིལ་བསྒྲགས་བྱེད་པ། ཡུན་རིང་སྨན་གཡོག་ལས་ཀ་བྱེད་མཁན་ཕུལ་བྱུང་སྨན་གཡོག་ཚོར་རྒྱབ་སྐྱོར་བཅས་བྱེད་དགོས། སྤྱི་ཚོགས་ཡོངས་ཀྱིས་སྨན་གཡོག་ཚོར་བསམ་ཤེས་དང་རྒྱབ་སྐྱོར་བྱེད་དགོས། རྒྱ་ཆེའི་སྨན་གཡོག་ཚོས་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་། མི་ཆོས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ། ཡང་འབད་བསྐྱར་འབད། ལྷག་བསམ་ཟོལ་མེད་ཀྱིས་ལེགས་སྐྱེས་འབུལ་བ་བཅས་བྱས་ནས། བདེ་ཐང་གི་ཀྲུང་གོ་འཛུགས་སྐྲུན་དང་འཛམ་གླིང་གི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་སྲུང་སྐྱོང་བྱ་ཆེད། ལེགས་སྐྱེས་གསར་པ་རྒྱུན་ཆད་མེད་པར་འབུལ་རྒྱུའི་རེ་བ་ཡོད།

  
style="display:none;"