འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་13ཉིན།

༄༅༎རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་རང་བྱུང་ཁམས་ནས་འགྱུར་མཚམས་བརྒལ་བའི་དབྱང་གཉིས་ཐཱན་འགྱུར་ཐེངས་དང་པོ་རྙེད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་13ཉིན། 09:54】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་11ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཀྲུང་གོ་ཚན་རིག་ཁང་རྒྱ་མཚོ་ཞིབ་འཇུག་སུའོ་ནས་ཤེས་རྟོགས་བྱས་པ་ལྟར་ན། སུའོ་དེ་དང་ཀྲུང་གོ་ཚན་རིག་ཁང་རྒྱ་མཚོ་ཚན་རིག་ཆེན་པོ་ཞིབ་འཇུག་ལྟེ་གནས་ཀྱི་ཚན་ཞིབ་མི་སྣས་མཉམ་ལས་བྱས་ཏེ་ནུབ་ཞི་བདེ་རྒྱ་མཚོ་ཆེ་མོའི་མཚོ་གཏིང་གི་གཤེར་ཁུ་ཚ་ཁུལ་ཞིག་ནས་འགྱུར་མཚམས་བརྒལ་བའི་དབྱང་གཉིས་ཐཱན་འགྱུར་ཞིག་རྙེད་ཅིང་། དེ་ནི་གོ་ལ་ཧྲིལ་པོའི་རང་བྱུང་ཁམས་ནས་ཐེངས་དང་པོར་རྙེད་པའི་འགྱུར་མཚམས་བརྒལ་བའི་དབྱང་གཉིས་ཐཱན་འགྱུར་ཡིན་པ་དང་། ཚེ་སྲོག་གི་འབྱུང་ཁུངས་ལ་ཞིབ་འཇུག་བྱེད་པར་བློ་སྐྱེད་གསར་པའང་མཁོ་འདོན་བྱས་ཡོད་པ་རེད།