འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་12ཉིན།

༄༅།།རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5200སར་འཚོགས་པའི་ཚོགས་འདུ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་12ཉིན། 13:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5200སར་འཚོགས་པའི་ཚོགས་འདུ།
   མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་11ཉིན། ཀྲུང་གོ་བས་ཇོ་མོ་གླང་མའི་རི་རྩེར་ཐོག་མར་འཛེགས་ནས་ལོ་60འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་དང་བོད་ལྗོངས་རི་འཛེག་རུ་ཁག་བཙུགས་ནས་ལོ་ངོ་60འཁོར་བའི་བཞུགས་མོལ་ཚོགས་འདུ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5200ཡོད་པའི་ཇོ་མོ་གླང་མའི་སྒར་ས་ཆེ་མོར་འཚོགས་པ་རེད།
    ཐེངས་འདིའི་བཞུགས་མོལ་ཚོགས་འདུ་ནི་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་དང་། ཀྲུང་གོ་རི་འཛེག་མཐུན་ཚོགས་ཀྱིས་མཉམ་འབྲེལ་ཐོག་གཉེར་བ་དང་། 1975ལོར་ཀྲུང་གོ་བས་སླར་ཡང་ཇོ་མོ་གླང་མའི་རི་རྩེར་འཛེགས་པའི་རུ་མི་བསམ་འགྲུབ་དང་།  ཀྲུང་གོའི་བོད་ལྗོངས་ཀྱི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་བརྒྱད་སྟོང་ཡན་གྱི་རི་རྩེ་བཅུ་བཞིར་འཛེགས་མཁན་མྱུལ་དཔྱད་རུ་ཁག་གི་རུ་མི་ཚེ་རིང་རྡོ་རྗེ་དང་། སྤེན་པ་བཀྲ་ཤིས། བློ་ཚེ་སོགས་རི་འཛེགས་ལུས་རྩལ་པ་རྒན་རབས་དང་། དེ་བཞིན་ལུས་རྩལ་དང་། ཚད་འཇལ། སྨྱན་སྦྱོར་བཅས་ལས་རིགས་ཀྱི་མི་སྣ་ཚོགས་འདུར་ཞུགས་ཡོད་པ་རེད། འདི་ནི་ཀྲུང་གོ་བས་ཇོ་མོ་གླང་མའི་རི་རྩེར་ཐོག་མར་འཛེགས་ནས་ལོ་60འཁོར་བར་དྲན་གསོ་བའི་བཞུགས་མོལ་ཚོགས་འདུ་དང་བོད་ལྗོངས་རི་འཛེག་རུ་ཁག་བཙུགས་ནས་ལོ་ངོ་60འཁོར་བའི་བཞུགས་མོལ་ཚོགས་འདུར་ཞུགས་མཁན་ཁག་གཅིག་གི་མཉམ་པར་ཡིན་པ།
【1】  【2】
༄༅།།རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5200སར་འཚོགས་པའི་ཚོགས་འདུ།