འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་12ཉིན།

༄༅༎ཡུན་ནན་དུ་མི་ཁྲི་150ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བརྒྱུད་ཁང་པ་གསར་པར་སྤོས་པ་དང་
དབུལ་པོའི་རྩ་བ་དྲུངས་ནས་འབྱིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་12ཉིན། 09:56】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཁུན་མིང་ནས་ཟླ་5ཚེས་10ཉིན་གློག་འཕྲིན་འབྱོར་གསལ། དབུལ་སྒྲོལ་འགག་སྒྲོལ་བྱས་ཚུན། ཡུན་ནན་ཞིང་ཆེན་དུ་རིམ་རྩིས་ལྟར་ན་མི་འབོར་དབུལ་པོ་95%དབུལ་སྒྲོལ་ཐུབ་པ་དང་། གྲོང་ཚོ་དབུལ་པོ་95%དབུལ་སྒྲོལ་ཐུབ་པ། རྫོང་དབུལ་པོ་90%དབུལ་ཞྭ་འབུད་ཐུབ་པ་བཅས་བྱུང་ནས་མི་ཁྲི་150ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བརྒྱུད་ཁང་པ་གསར་པར་སྤོས་པ་དང་དབུལ་པོའི་རྩ་བ་དྲུངས་ནས་འབྱིན་ཐུབ་པ་བྱུང་ཡོད།
     དེ་ནི་གསར་འགོད་པར་ཚེས་10ཉིན་ཁུན་མིང་དུ་འཚོགས་པའི་ཡུན་ནན་ཞིང་ཆེན་གྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་ནས་ཤེས་རྟོགས་བྱུང་བ་ཞིག་རེད།
     ངོ་སྤྲོད་བྱས་པར་གཞིགས་ན། ཡུན་ནན་གྱིས“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་ལས་འགན་ལྕི་པོ་སྤྱིའི་ཆ་ནས་ལེགས་གྲུབ་བྱུང་ནས་དབུལ་སྒྲོལ་འགག་སྒྲོལ་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ན་ནིང་ཚུན་དུ་ཡུན་ནན་གྱིས་ཞིང་ཆེན་རིམ་པ་ཡན་གྱི་ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་སྒོར་དུང་ཕྱུར་482.5སྤྱི་འདོམས་བསྡུ་སྒྲིལ་བྱས་ནས་50%ཡན་གྱི་མ་དངུལ་ཤིན་ཏུ་དབུལ་པོའི་རྫོང་ལ་བཏང་བ་དང་། སློབ་གྲྭར་འགྲོ་མཚམས་མི་ཆད་པ་བྱས་ནས་སློབ་གྲྭར་ཞུགས་ཚད་འགན་སྲུང་བྱེད་པའི་གྲུབ་འབྲས་མངོན་གསལ་དོད་པ། གཞི་རྩའི་སྨན་བཅོས་འགན་ལེན་རྒྱུན་མཐུད་ཁྱོན་ཡོངས་ལ་ཁྱབ་པ། ཉེན་ཡོད་ཁང་པ་ཕྱོགས་ཡོངས་ནས་གཙང་སེལ་བྱས་པ། འཐུང་ཆུའི་བདེ་འཇགས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་པ་བཅས་བྱུང་ཡོད།
     གཞན་ཡང་། ཐོན་ལས་དབུལ་སྐྱོར་མི་འབོར་དབུལ་པོ་ཁྲི་169ལ་ཁྱབ་པ་དང་། སྣོད་བཅུད་ནགས་སྲུང་བ་ཁྲི་8.8གསར་དུ་འཕར་བ། ཚན་རྩལ་དབུལ་སྐྱོར་ལ་གྲུབ་འབྲས་གསར་པ་ཐོབ་པ་བཅས་བྱུང་ཡོད། ཀྲུང་དབྱང་གི་གནས་གཏན་འཁེལ་གྱི་དབུལ་སྐྱོར་ཚན་པ་དང་། ཧྲང་ཧའེ་གྲོང་ཁྱེར། ཀོང་ཏུང་ཞིང་ཆེན་བཅས་ཀྱིས་རྣམ་གྲངས་ཀྱི་མ་དངུལ་གཏོང་ཆ་དང་། ཐོན་ལས་ལས་ཞུགས་དབུལ་སྐྱོར། རིག་ནུས་ཤེས་ལྡན་མི་སྣའི་རོགས་སྐྱོར་སོགས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པས་རོགས་སྐྱོར་ཕན་འབྲས་དེ་བས་ཤུགས་ཆེན་ཐོན་ཡོད།
     སླད་ཕྱིན། ཡུན་ནན་གྱིས“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”དང་འཐུང་ཆུའི་བདེ་འཇགས་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ། གྲལ་བཤེར་ཆེན་པོ་བྱས་ནས་ཞན་ཆ་དང་ཉམས་ཞན་མགྱོགས་མྱུར་སེལ་བ་དང་། རྫོང་དབུལ་པོ་9དང་། གྲོང་ཚོ་དབུལ་པོ་429 མི་འབོར་དབུལ་པོ་ཁྲི་44.2བཅས་ལྷག་ཡོད་པ་དེ་འདི་ལོའི་ལོ་སྟོད་དུ་དབུལ་སྒྲོལ་གྱི་ཚད་གཞིར་སླེབས་པ་བྱ་རྒྱུ་དང་། དབུལ་ཞྭ་ཕུད་པའི་རྫོང་ལ་ལྟ་དཔྱད་དང་རོགས་སྐྱོར་ལམ་སྲོལ་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་རྒྱུ་རེད།