འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་11ཉིན།

༄༅།།སེམས་ཀྱི་ཉི་ཟླའི་རི་མཐོའི་སྐྱེས་དངོས་གླིང་།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་11ཉིན། 13:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།སེམས་ཀྱི་ཉི་ཟླའི་རི་མཐོའི་སྐྱེས་དངོས་གླིང་།
   མི་དམངས་དྲ་བའི་འཕྲིན། ཟླ་5པར་སླེབས་པ་དང་། སྐྱེད་ཚལ་ནང་གི་ཡོ་རོབ་ཀྱི་ཆིའུ་ཀེན་མེ་ཏོག་དང་ས་གནས་དེ་གའི་སུའུ་ཀེན་མེ་ཏོག་རབ་ཏུ་བཞད་པས་ས་གནས་དེ་གའི་ཡུལ་མི་དང་ཕྱི་ནས་ཡོང་བའི་ཡུལ་སྐོར་བའི་ཡིད་དབང་བཀུག་ཡོད། ལྡུམ་ར་དེའི་ཞིབ་འཇུག་པ་ཧྥང་ཀྲེན་ཏུང་གིས་ངོ་སྤྲོད་བྱས་དོན། ལོ་ལྟར་ཕྱི་རྒྱལ་ནས་ཆིའུ་ཀེན་མེ་ཏོག་ནང་འདྲེན་བྱས་ཏེ་ས་ཁོངས་ཕྱིའི་རྩི་ཤིང་འདེབས་ཁུལ་དུ་གསོ་སྐྱོང་བྱེད་ཀྱི་ཡོད། དེ་ནི་གཅིག་ནས་མེ་ཏོག་འདི་རིགས་བདེ་ཆེན་སེམས་ཀྱི་ཉི་ཟླ་མཐོ་སྒང་དུ་འཚམ་མིན་ལྟ་བ་དང་། དེས་ས་གནས་དེ་གའི་སྐྱེད་ཚལ་འཛུགས་སྐྲུན་དང་ཡུལ་ལྗོངས་མཛེས་བཟོར་ཞབས་འདེགས་ཞུ་ཆེད་ཡིན།  གཉིས་ནི་ས་གནས་དེ་གའི་ཡུལ་མི་དང་ཡུལ་སྐོར་བས་མེ་ཏོག་མྱོང་རོལ་བྱེད་པའི་དགོས་མཁོ་དང་མེ་ཏོག་གི་ཤེས་བྱ་ཁྱབ་གདལ་ཡོང་ཆེད་ཡིན་པ་རེད།
   སེམས་ཀྱི་ཉི་ཟླའི་རི་མཐོའི་སྐྱེས་དངོས་གླིང་ནི་ཀྲུང་གོའི་བོད་རིགས་སྡོད་ཁུལ་གྱི་སྤྱི་ཕན་རང་བཞིན་གྱི་སྐྱེས་ཁམས་གླིང་དང་པོ་དེ་ཡིན་པ་དང་། ལོ་མང་རིང་ཡུན་ནན་དང་། སི་ཁྲོན། བོད་ལྗོངས་བཅས་ཀྱི་འཕྲེད་རྒྱུག་རི་རྒྱུད་ཁུལ་་གྱི་སྐྱེས་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་། ཞིབ་འཇུག གསར་སྤེལ་བེད་སྤྱོད་སོགས་ཀྱི་ལས་དོན་ལ་གཞོལ་བཞིན་ཡོད་པ།  
【1】  【2】
༄༅།།སེམས་ཀྱི་ཉི་ཟླའི་རི་མཐོའི་སྐྱེས་དངོས་གླིང་།