འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་11ཉིན།

༄༅།།ལམ་བཟོ་སྐྱེལ་འདྲེན་རུ་མིས་བྱང་གི་ཉེན་ཁའི་ཁུལ་ནས་བརྒལ་པ་དང་སྔོན་རྩིས་བྱས་ན་ཚེས་12ཉིན་རི་
རྩེའི་ལམ་བུ་ཤར་གཏོང་ཐུབ་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་11ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ལམ་བཟོ་སྐྱེལ་འདྲེན་རུ་མིས་བྱང་གི་ཉེན་ཁའི་ཁུལ་ནས་བརྒལ་པ་དང་སྔོན་རྩིས་བྱས་ན་ཚེས་12ཉིན་རི་
རྩེའི་ལམ་བུ་ཤར་གཏོང་ཐུབ་རྒྱུ་རེད།
   མི་དམངས་དྲ་བའི་འཕྲིན། 2020ལོའི་ཇོ་མོ་གླང་མའི་ཚད་འཇལ་རི་འཛེག་བྱེད་སྒོའི་ལམ་བཟོ་སྐྱེལ་འདྲེན་རུ་མིས་ཚེས་10ཉིན་བྱང་གི་ཉེན་ཁའི་ཁུལ་ནས་བརྒལ་པ་དང་སྔོན་རྩིས་བྱས་ན་ཚེས་12ཉིན་ཇོ་མོ་གླང་མའི་རི་རྩེའི་ལམ་བུ་ཤར་གཏོང་ཐུབ་རྒྱུ་རེད། 2020ལོའི་ཇོ་མོ་གླང་མའི་ཚད་འཇལ་རི་འཛེག་རུ་ཁག་གི་རུ་དཔོན་ཚེ་བློས་ངོ་སྤྲོད་བྱས་དོན། འཆར་གཞི་ལྟར་ན་ལམ་བཟོ་རུ་མིས་ཟླ་5ཚེས11ཉིན་ལམ་ཐག་དང་ཐག་སྐས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་8600ཙམ་གྱི་ས་བར་འདིང་རྒྱུ་མ་ཟད། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་8300ཡོད་པའི་སྒར་ས་ཆེ་མོར་ཕྱིར་ལོག་བྱ་རྒྱུ་རེད། ཚེས་12ཉིན་གནམ་གཤིས་ཡག་པོ་ཡོད་པའི་གནས་ཚུལ་འོག ལམ་བཟོ་རུ་མིས་རི་རྩེར་འཛེགས་པའི་ལམ་བུ་བཟོ་རྒྱུ་རེད། འདི་ནི་ལམ་བཟོ་རུ་མིས་རྒྱ་མཚོ་ངོས་ལས་མཐོ་ཚད་སྨི་6500ཡོད་པའི་མདུན་སྐྱོད་སྒར་ས་ནས་ཐོན་པ། 
【1】  【2】  【3】
༄༅།།ལམ་བཟོ་སྐྱེལ་འདྲེན་རུ་མིས་བྱང་གི་ཉེན་ཁའི་ཁུལ་ནས་བརྒལ་པ་དང་སྔོན་རྩིས་བྱས་ན་ཚེས་12ཉིན་རི་
རྩེའི་ལམ་བུ་ཤར་གཏོང་ཐུབ་རྒྱུ་རེད།