འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་11ཉིན།

༄༅༎ཡུན་ནན་ཨན་ཉིང་གི་ནགས་ཚལ་མེ་སྐྱོན་ཐོན་ཡུལ་གྱི་བྱང་ཤར་ཕྱོགས་ཀྱི་མེ་བསྐྱར་དུ་འབར་བས་ས་གནས་དེ་གའི་
མི་1600ཙམ་གྱིས་ནུས་ཤུགས་ཡོད་རྒུས་མྱུར་སྐྱོབ་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་11ཉིན། 11:28】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཚེས་9ཉིན་གྱི་ཆུ་ཚོད་15དང་སྐར་མ་33ཐོག་ཡུན་ནན་ཞིང་ཆེན་ཨན་ཉིང་གྲོང་ཁྱེར་ཆིང་ལུང་ཁྲོམ་གཞུང་ཧྲོང་མེ་གྲོང་ཚོའི་ཧྲན་ཧྲིང་པར་ནགས་ཚལ་མེ་སྐྱོན་ཐོན་ཞིང་། མེ་སྐྱོན་ཐོན་ཡུལ་གྱི་མཉམ་འབྲེལ་བཀོད་འདོམས་པུས་བརྡ་ཁྱབ་བཏང་བར་གཞིགས་ན། ཚེས་10ཉིན་གྱི་ཆུ་ཚོད་18བར་མེ་སྐྱོན་ཐོན་ཡུལ་གྱི་ཤར་ལྷོའི་མེ་སྐྱོན་གཞི་རྩའི་ཆ་ནས་ཚོད་འཛིན་ཐུབ་ཡོད་མོད། འོན་ཀྱང་བྱང་ཤར་ཕྱོགས་ཀྱི་མེ་སྐྱོན་བསྐྱར་དུ་འབར་བས། ས་གནས་དེ་གའི་མི་1600ཙམ་གྱིས་ནུས་ཤུགས་ཡོད་རྒུས་མེ་སྐྱོན་ཐོན་ཡུལ་གྱི་བྱང་ཤར་དང་ནུབ་ཕྱོགས་གཉིས་ཀྱི་མེ་སྐྱོན་གསོད་བཞིན་ཡོད་པ་རེད།
     མེ་སྐྱོན་ཐོན་ཡུལ་གྱི་མཉམ་འབྲེལ་བཀོད་འདོམས་པུས་བརྡ་ཁྱབ་བཏང་བར་གཞིགས་ན། ཚེས་10ཉིན་གྱི་ཆུ་ཚོད་15ཙམ་ལ་ནགས་ཚལ་མེ་ཟོན་བཀོད་འཐབ་པས་མེ་གསོད་པ་བརྒྱུད་མེ་སྐྱོན་ཐོན་ཡུལ་གྱི་ཤར་ལྷོའི་མེ་སྐྱོན་སྤྱིར་ན་ཚོད་འཛིན་ཐུབ་ཡོད་པ་རེད། ས་གནས་དེ་གའི་དྲོད་ཚད་ཧྲེ་ཧྲི་ཏུའུ་29བར་མཐོ་རུ་ཕྱིན་པ་དང་རླུང་ཤུགས་རིམ་པ་3ནས་4བར་ཟིན་པ་མ་ཟད། དེ་དང་ཆབས་ཅིག་རིམ་པ་5ནས་6བར་གྱི་ཐོལ་རླུང་ལྡང་བའི་རྐྱེན་གྱིས། མ་གཞི་མེ་བསད་ཟིན་པའི་མེ་སྐྱོན་ཐོན་ཡུལ་གྱི་བྱང་ཤར་དུ་བསྐྱར་དུ་མེ་འབར་པ་མ་ཟད། མེ་སྐྱོན་ཅུང་ཆེ་པའི་ས་ཚིགས་གཉིས་ཐོན་ཡོད་པ་རེད། མེ་སྐྱོན་ཐོན་ཡུལ་གྱི་མཉམ་འབྲེལ་བཀོད་འདོམས་པུས་ནུས་ཤུགས་ཡོད་རྒུས་མེ་གསོད་རླངས་འཁོར་སྤྱད་དེ་བྱང་ཤར་ཕྱོགས་ནས་མེ་གསོད་རྒྱུའི་གཏན་འབེབས་བྱས་པ་རེད།
     ཚེས་10ཉིན་གྱི་ཆུ་ཚོད་18བར་ད་ཐེངས་ཀྱི་ནགས་ཚལ་མེ་སྐྱོན་ནང་ནགས་ཚལ་མེ་ཟོན་དཔུང་ཁག་གི་མི་271དང་། མེ་ཟོན་རོགས་སྐྱོབ་དཔུང་ཁག་གི་མི་118 ས་གནས་ཀྱི་ཆེད་ལས་མེ་གསོད་རུ་ཁག་དང་ལས་བྱེད་པ་དང་མང་ཚོགས་1200ཙམ་ཞུགས་ནས་མེ་བསད་ཡོད་པ་རེད། ཁུན་མིང་མཁའ་འགྲུལ་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ཐད་འཕུར་གནམ་གྲུ་2བཏང་ནས་མེ་གསོད་བྱ་སྤྱོད་ནང་ཞུགས་ཡོད་པ་རེད།