འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་11ཉིན།

༄༅།།བཀྲ་ཤིས་ཀྱི་དབུལ་སྒྲོལ་གཏམ་རྒྱུད།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་11ཉིན། 09:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
འདི་ནི་ཇོ་མོ་གླང་མའི་འདབས་སུ་ཆགས་པའི་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་བཀྲ་ཤིས་འཛོམས་ཤང་རྫ་ཕུ་གྲོང་ཚོ་ཡིན་པ།
འདི་ནི་ཇོ་མོ་གླང་མའི་འདབས་སུ་ཆགས་པའི་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་བཀྲ་ཤིས་འཛོམས་ཤང་རྫ་ཕུ་གྲོང་ཚོ་ཡིན་པ།
     ལོ་ཉི་ཤུའི་གོང་། བཀྲ་ཤིས་ཀྱིས་རང་ཉིད་ཀྱི་མཛའ་མོ་བདེ་བསྟན་གྱི་ཆེད་དུ་ཁྱིམ་གྱི་གཡག་མགོ་གྲངས་བརྒྱ་ལྷག་ཙམ་བློས་གཏོང་བྱས་ནས་ཁྱིམ་གསར་འཛིན་པ་རེད། དེ་ནི་ཁྱིམ་དུ་འབྲི་གཡག་ཇི་ཙམ་མང་ན་ཡང་ཁྱིམ་ཚང་གི་འཁོས་ཀ་བཟང་བའི་ཚད་དུ་འཇོག་པའི་བོད་ཀྱི་འབྲོག་ཁུལ་ལ་ཆ་མཚོན་ན། བཀྲ་ཤིས་ཀྱིས་སེམས་ཐག་དེ་ལྟར་གཅོད་ཕོད་པ་ནི་ཤིན་ཏུ་དཀའ་བ་ཞིག་རེད།
     བཀྲ་ཤིས་དང་བདེ་བསྟན་གཉིས་འཚོ་བ་སྐྱེལ་སའི་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་བཀྲ་ཤིས་འཛོམས་ཤང་རྫ་ཕུ་གྲོང་ཚོ་ནི་འཛམ་གླིང་གི་རི་བོ་མཐོ་ཤོས་ཏེ་ཇོ་མོ་གླང་མ་དང་ཐག་ཉེ་ཤོས་ཀྱི་སྲིད་འཛིན་གྲོང་ཚོ་ཞིག་ཡིན་ལ། འབྲོག་ལས་རྐྱང་པའི་གྲོང་ཚོ་ཞིག་ཀྱང་རེད།
    བཀྲ་ཤིས་ལོ་26ལ་སླེབས་པའི་སྐབས། བདེ་བསྟན་དང་མཉམ་དུ་འཇིག་རྟེན་མཐུན་འཇུག་གི་ལམ་ལ་ཞུགས་ནས་མི་ཚེ་མཐའ་འཁྱོལ་བྱ་རྒྱུའི་སེམས་ཐག་བཅད། བཀྲ་ཤིས་ཀྱི་གཅེན་པོ་གཉེན་སྒྲིག་བྱས་ནས་ཁྱིམ་དུ་བཟའ་ཟླ་བུ་ཕྲུག་དང་ཚ་བོ་སོགས་མི་མང་པོ་ཡོད་པས། བཀྲ་ཤིས་མུ་མཐུད་དེ་གར་བསྡད་ཚེ་རང་ཉིད་འབྱུང་འགྱུར་སྡོད་སའི་ཁྱིམ་ཚང་ཆུང་ཆུང་ཞིག་དང་འཚོ་བ་འཕྱིད་ཐབས་ཤིག་བྱུང་མོད་ཀྱང་། བཀྲ་ཤིས་ཀྱིས“གང་ལྟར་རྐང་ལག་བཀྱིག་པ་བཞིན་སེམས་པ་བདེ་བདེ་ལྷོད་ལྷོད་ཅིག་མི་ཡོང་བས། བདེ་བསྟན་དང་མཉམ་དུ་ཁྱིམ་ཚང་གསར་པ་ཞིག་གཟུང་རྒྱུའི་བསམ་བློ་འཁོར་བྱུང”ཞེས་བཤད།
     དེ་ནས་ལོགས་སུ་དོན་ནས་རང་ཉིད་ཀྱི་ཁྱིམ་གསར་འཛིན་པ་དང་། གཉེན་སྒྲིག་བྱས་རྗེས་ལས་ལ་བརྩོན་པའི་བཀྲ་ཤིས་ཀྱིས་ཕྱུགས་འཚོ་ཞོར་དུ་དངུལ་བུན་གཡར་ནས་རླངས་འཁོར་ཞིག་ཉོས་ཏེ་སྐྱེལ་འདྲེན་ལས་ལ་ཞུགས་ཤིང་། དེ་དུས་ཁོང་གྲོང་ཚོའི་ནང་ཕྱིར་ལས་ཀ་འཚོལ་བར་འགྲོ་མཁན་ཐོག་མའི་གྲས་ཡིན་པ་རེད།
    2015ལོར་བཀྲ་ཤིས་དང་བདེ་བསྟན་གཉིས་ཀྱིས་ལོ་དྲུག་ལ་སླེབས་པའི་ཕྲུ་གུ་རྒན་པ་ཁྲིད་དེ་ཁང་པ་གསར་པའི་ནང་སྤོས། གུ་ཡངས་ཤིང་རྒྱ་ཆེ་བའི་ཁང་པ་དེ་ནི་སྲིད་གཞུང་གིས་བརྒྱབ་པའི་བདེ་སྡོད་ལས་གྲྭའི་རྣམ་གྲངས་ཤིག་རེད།
    ལོ་ལྟར་རི་འཛེག་གི་ནམ་དུས་འཆར་བའི་སྐབས། རྫ་ཕུ་གྲོང་ཚོའི་གྲོང་མི་རྣམས་ཀྱིས་རི་འཛེག་མཁན་ལ་ཁལ་མ་བཏང་ནས་དབོར་འདྲེན་གྱི་ཞབས་འདེགས་ཞུ་གི་ཡོད། ཚང་མ་མཉམ་དུ་ཕྱུག་པོ་ཆགས་ཆེད། 2019ལོར་གྲོང་ཚོས་འབྲོག་ལས་མཉམ་ལས་ཁང་བཙུགས་ཏེ་གཅིག་གྱུར་ངང་ཁལ་མ་གཏོང་འགོ་ཚུགས། ན་ནིང་རི་འཛེག་ནམ་དུས་སྐབས་སུ་ཁལ་མ་གཏོང་བ་ཁོ་ནར་རྫ་ཆུ་གྲོང་ཚོར་ཡོང་འབབ་སྒོར་ཁྲི་30ལྷག་ཙམ་བྱུང་བ་དང་། དེའི་ཁྲོད་ནས་ཕན་པ་ཐོབ་པའི་བཀྲ་ཤིས་ཀྱང་གྲོང་ཚོ་ཡོངས་ཀྱི་རྗེས་སུ་འབྲངས་ཏེ་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་ཡོད།
【1】  【2】
འདི་ནི་རྫ་ཕུ་གྲོང་ཚོའི་འབྲོག་རར་བཀྲ་ཤིས(གཡས་ཀྱི་དང་པོ)ཀྱིས་གྲོགས་པོ་ཚོ་དང་ཅི་འཕྲོས་མོལ་འཕྲོས་བྱེད་བཞིན་པ།
འདི་ནི་རྫ་ཕུ་གྲོང་ཚོའི་འབྲོག་རར་བཀྲ་ཤིས(གཡས་ཀྱི་དང་པོ)ཀྱིས་གྲོགས་པོ་ཚོ་དང་ཅི་འཕྲོས་མོལ་འཕྲོས་བྱེད་བཞིན་པ།