འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་9ཉིན།

༄༅།།ཀྲུང་གོའི་སྐམ་སའི་ནང་གི་ས་མཐོའི་ཚྭ་མཚོ་ཆེ་ཤོས་ཀྱི་དར་ཞིག་པ། ན་ནིང་དང་བསྡུར་ན་
ཉིན་8ཀྱིས་འགྱངས་ཡོད།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་09ཉིན། 12:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་7ཉིན། མཚོ་སྔོན་ཞིང་ཆེན་གནམ་གཤིས་ཚན་རིག་ཞིབ་འཇུག་ཁང་གིས་གསར་འགོད་པར་བརྗོད་དོན། རྒྱང་ཚོར་བརྟག་དཔྱད་ཚད་འཇལ་ལས་མངོན་གསལ། ཀྲུང་གོའི་སྐམ་སའི་ནང་གི་ས་མཐོའི་ཚྭ་མཚོ་ཆེ་ཤོས་ཏེ། མཚོ་སྔོན་པོའི་དར་ཁྱོན་ཡོངས་ནས་ཞིག་པ་དང་། ན་ནིང་དང་བསྡུར་ན་ཉིན་8ཀྱིས་འགྱངས་ཡོད།
    མཚོ་སྔོན་པོ་ནི་ལོ་ལྟར་གྱི་ཟླ་12པའི་ཟླ་དཀྱིལ་ནས་འགོ་བཙུགས་ཏེ་དར་ཆགས་པ་དང་། ཕྱི་ལོའི་ཟླ་4པའི་ཟླ་དཀྱིལ་དུ་ཁྱོན་ཡོངས་ནས་དར་ཞིག་གི་ཡོད། དར་ཆགས་པའི་དུས་ཡུན་ཟླ་5ཡས་མས་ཡིན་པ་རེད།
    མཚོ་སྔོན་ཞིང་ཆེན་གནམ་གཤིས་ཚན་རིག་ཞིབ་འཇུག་ཁང་གི་འགོ་འཛིན་ཀྲོའུ་པིང་རུང་གིས་ངོ་སྤྲོད་བྱས་དོན། མཚོ་སྔོན་ཞིང་ཆེན་གནམ་གཤིས་ཚན་རིག་ཞིབ་འཇུག་ཁང་གི་ཁུངས་མང་སྲུང་སྐར་རྒྱང་ཚོར་གྱི་འགུལ་རྣམ་ལྟ་ཞིབ་ཚད་ལེན་ལས་མངོན་གསལ། ཟླ་4ཚེས་18ཉིན་ནས་བཟུང་མཚོ་སྔོན་པོའི་དར་ཞིག་འགོ་ཚུགས་པ་དང་།  ཟླ་5ཚེས་1ཉིན་མཚོ་སྔོན་པོའི་དར་ཡོངས་སུ་ཞིག་ཡོད།
    ལྟ་ཞིབ་ཚད་ལེན་གྱི་དཔྱད་གཞིའི་ཐོག་ནས་མངོན་གསལ། ད་ལོའི་མཚོ་སྔོན་པོའི་དར་ཡོངས་སུ་ཞིག་པའི་དུས་ཚོད་ཉིན་13ཡིན་པ་དང་།  ན་ནིང་ལས་ཉིན་8ཀྱིས་དུས་འགྱངས་བྱུང་བ་དང་དེ་སྔོན་གྱི་(2005ལོ་ནས་2019ལོའི་བར)དང་བསྡུར་ན་ཉིན་19འགྱངས་ཡོད།