མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་སྨིར་ཆི་གཡོད་ཡེ་ཕུའུ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་09ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་7ཉིན་གྱི་དགོང་མོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་སྨིར་ཆི་གཡོད་ཡེ་ཕུའུ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
     ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས་ཨུ་ཟ་བྷེ་ཁི་སི་ཐན་སྲིད་གཞུང་དང་ཨུ་ཟ་བྷེ་ཁི་སི་ཐན་མི་དམངས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱས་པར་ལྷག་བསམ་རྣམ་དག་གི་འཚམས་འདྲི་དང་རྒྱབ་སྐྱོར་མཐའ་གཅིག་ཏུ་གནང་ལུགས་བསྟན་པ་རེད། ཞི་ཅིན་ཕིང་གིས་ཏོག་གསར་གློ་ཚད་རིམས་ནད་ལས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུ་དེ་ནི་མི་ཡུལ་གྱི་ཡང་དག་ལམ་བུ་ཡིན་པ་སླར་ཡང་ར་འཕྲོད་བྱུང་ཡོད། མིའི་རིགས་ཡོངས་ཀྱི་བདེ་ཐང་བདེ་རྩ་དང་འཛམ་གླིང་འཕེལ་རྒྱས་གྲ་རྒྱས་དང་འབྲེལ་བ་ཡོད་པའི་འཐབ་རྩོད་འདིའི་ནང་མཐུན་སྒྲིལ་མཉམ་ལས་བྱ་རྒྱུ་ནི་ནུས་ལྡན་གྱི་བྱེད་ཐབས་ཤིག་རེད། འཛམ་གླིང་རྒྱལ་ཁབ་ཁག་གིས་མཐུན་སྒྲིལ་ལ་བརྟེན་ནས་འགལ་ཟླ་འགོག་པ་དང་། དཔྱོད་ཤེས་ལ་བརྟེན་ནས་ཕྱོགས་ཞེན་མེད་པ་བཟོ་བ། རིམས་ནད་ལ་འགོག་རྒོལ་བྱེད་པའི་མཉམ་ཤུགས་ཆེ་མོ་གཅིག་སྡུད། མཉམ་ལས་ལ་ཤུགས་སྣོན་རྒྱག་པ། མཉམ་དུ་དཀའ་གནད་ལས་སྒྲོལ་བ་བཅས་བྱས་ཏེ་མིའི་རིགས་ཀྱི་ཐུན་མོང་ཁྱིམ་གཞིས་སྲུང་སྐྱོང་བྱེད་དགོས་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ཕྱར་བ་གྲུ་འདེགས་དང་ལྟ་རེས་སྐྱོང་རེས་བྱེད་པ་ནི་ཀྲུང་གོ་དང་ཨུ་ཟ་བྷེ་ཁི་སི་ཐན་འབྲེལ་བའི་ཕུལ་བྱུང་སྲོལ་རྒྱུན་རེད། ཀྲུང་གོའི་རིམས་ནད་འགོག་རྒོལ་ལ་དཀའ་ངལ་ཆེན་པོ་འཕྲད་པའི་སྐབས་སུ། སྐུ་ཉིད་རྒྱལ་ཁབ་ཀྱི་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་ཁག་གིས་ཀྲུང་གོར་རོགས་རམ་གྱི་ལག་ཟུང་བརྐྱངས་ཡོད། ཨུ་ཟ་བྷེ་ཁི་སི་ཐན་གྱི་རིམས་ནད་གནས་ཚུལ་ལའང་ཀྲུང་གོའི་མི་དམངས་ཀྱིས་སེམས་ཁྲལ་ཆེན་པོ་བྱེད་པ་དང་ཀྲུང་གོ་སྲིད་གཞུང་དང་འབྲེལ་ཡོད་ས་གནས་དང་ཁེ་ལས་ཀྱིས་རོགས་སྐྱོར་བྱས་པའི་དངོས་ཟོག་བསྟུད་མར་སྐུ་ཉིད་ཀྱི་རྒྱལ་ཁབ་ཏུ་དབོར་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་རིགས་གཅིག་མཁས་ཅན་གྱིས་ཀྱང་བརྙན་ལམ་བརྒྱུད་རིམས་ནད་འགོག་པའི་ཉམས་མྱོང་སྤེལ་རེས་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དེ་ཨུ་ཟ་བྷེ་ཁི་སི་ཐན་གྱི་རིམས་ནད་འགོག་རྒོལ་ལ་རྒྱབ་སྐྱོར་དང་རོགས་རམ་བྱ་རྒྱུ་ཡིན། ཨུ་ཟ་བྷེ་ཁི་སི་ཐན་ཕྱོགས་ཀྱིས་ཀྱང་ཨུ་ཟ་བྷེ་ཁི་སི་ཐན་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱི་རྒྱུན་གཏན་འཚོ་བ་འགན་ལེན་བྱ་རྒྱུའི་རེ་བ་ཡོད། སྐུ་ཉིད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཨུ་ཟ་བྷེ་ཁི་སི་ཐན་མི་དམངས་ཀྱིས་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་ངེས་ཀྱི་ཡིད་ཆེས་ཡོད། ཀྲུང་གོ་དང་ཨུ་ཟ་བྷེ་ཁི་སི་ཐན་གྱི་འབྲེལ་བའི་རྨང་གཞི་བརྟན་པ་དང་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད། ཕྱོགས་གཉིས་པོས་མུ་མཐུད་ཕན་ཚུན་དབར་རྒྱབ་སྐྱོར་མཐའ་གཅིག་ཏུ་དང་འགྲན་སློང་གོ་སྐབས་སུ་བྱས་ཏེ་མཉམ་དུ་ལག་གདང་སྦྲེལ་ནས་རིམས་ནད་ལ་འགོག་རྒོལ་བྱེད་པ་དང་ཆབས་ཅིག་རྒྱལ་ཁབ་གཉིས་པོའི་ཕྱོགས་མང་མཉམ་ལས་ལ་སྟབས་བསྟུན་ངང་སྐུལ་འདེད་བཏང་སྟེ། ཕྱོགས་གཉིས་པོས་གྲོས་གཏན་འཁེལ་བའི“རྒྱུད་གཅིག་ལམ་གཅིག”གི་རྣམ་གྲངས་བདེ་བླག་ངང་ལག་བསྟར་བྱ་རྒྱུ་འགན་ལེན་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་གི་མཉམ་ལས་ཟམ་མི་ཆད་པར་ཟབ་ཏུ་བཏང་སྟེ། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་སྲུང་སྐྱོང་བྱ་ཆེད་མཉམ་དུ་ཤུགས་སྣོན་རྒྱག་དགོས་ཞེས་ནན་བཤད་གནང་བ་རེད།
     སྨིར་ཆི་གཡོད་ཡེ་ཕུའུ་ཡིས་སྐུ་ཉིད་ཀྱི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་ཀྲུང་གོ་སྲིད་གཞུང་གིས་བློ་བརྟན་དང་། འཕྲལ་ཐག་ཆོད་པ། ཕན་ཆེ་བཅས་ཀྱི་བྱེད་ཐབས་སྤྱད་པར་བརྟེན། དུས་ཐུང་ནང་རིམས་ནད་ཚོད་འཛིན་ཐུབ་པ་དེ་ཐོག་ནས། མི་རྣམས་ཧང་སངས་བའི་ཀྲུང་གོ་མི་དམངས་ཀྱི་མཐུན་སྒྲིལ་དང་། མཉམ་ལས། བློ་སྟོབས་བཅས་མངོན་པ་མ་ཟད། རྒྱལ་ཁབ་ཁག་ལའང་མིག་དཔེ་བཏོད་ཡོད། ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་ཨུ་ཟ་བྷེ་ཁི་སི་ཐན་ལ་དཀའ་ངལ་ཆེན་པོ་འཕྲད་པའི་སྐབས་སུ་སྒེར་སེམས་མེད་པར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱི་རྩ་ཆེའི་ཉམས་མྱོང་དང་རོགས་རམ་འོག་ཨུ་ཟ་བྷེ་ཁི་སི་ཐན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཀྲུང་གོ་ནི་ཨུ་ཟ་བྷེ་ཁི་སི་ཐན་གྱི་གྲོགས་པོ་བློས་ཐུབ་ཡིན་པ་དོན་དངོས་ལས་ར་འཕྲོད་བྱུང་ཡོད། སྐུ་ཉིད་ཐུགས་ཁྲལ་གནང་མི་དགོས། ཨུ་ཟ་བྷེ་ཁི་སི་ཐན་ཕྱོགས་ཀྱིས་རང་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་ལྟ་སྟངས་འཛིན་པ་བཞིན་ཨུ་ཟ་བྷེ་ཁི་སི་ཐན་དུ་ཡོད་པའི་ཀྲུང་གོའི་མི་སྣར་ལྟ་རྟོག་ཡག་པོ་བྱ་རྒྱུ་ཡིན། ཁྱེད་ཀྱི་ལྟ་བར་ང་རྦད་དེ་མོས་མཐུན་ཡོད། མིག་སྔའི་དུས་བབ་འོག་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་སྒྲོམ་གཞིའི་འོག་མཉམ་ལས་དམ་ཟབ་བྱེད་དགོས། རིམས་ནད་མཇུག་འགྲིལ་རྗེས་ངས་ཁྱེད་དང་མགྱོགས་མྱུར་ཞལ་འཛོམས་ཞུས་ཏེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་བཏང་ནས་ཨུ་ཟ་བྷེ་ཁི་སི་ཐན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་ཁག་གི་མཉམ་ལས་ཟམ་མི་ཆད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། ཨུ་ཟ་བྷེ་ཁི་སི་ཐན་གྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུར་སྐུལ་འདེད་གཏོད་འདོད་ཡོད་ཅེས་གསུངས་པ་རེད། 

  
style="display:none;"