འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་9ཉིན།

༄༅༎ལེ་དབར་སྟོང་གི་སྔོ་ཞིང་དྭངས་བའི་ཆུ་བོ་སྲུང་སྐྱོང་བྱེད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་09ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     2019ལོའི་རྒྱལ་ཁབ་ཀྱི་ས་ངོས་ཆུའི་བཅད་ཁའི་དཔྱད་ཞིབ་ནང་། ཆུའི་སྤུས་ཚད་ཡག་པ་དང་འབྲིང་བའི(Ⅰ—Ⅲརིགས)བཅད་ཁའི་བསྡུར་གྲངས་74.9%ཟིན་ནས་དུས་མཚུངས་ལས་བརྒྱ་ཆའི་གྲངས་3.9འཕར་ཡོད་པ་རེད། འདི་ལོ་ཚུན་དུ། ཧུའུ་པེ་ཞིང་ཆེན་ཧྲི་ཡན་གྲོང་ཁྱེར་ཡུན་དབྱང་ཆུས་ཀྱིས་ཆུ་རྒྱུག་ཁུལ་ཁག་གི་འབྲེལ་ཡོད་བཅད་ཁའི་ཆུའི་སྤུས་ཚད་བརྟག་དཔྱད་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་གཙང་པོ་དང་། ཆུ་བོ། མཚེའུ། ཆུ་མཛོད་བཅས་ཀྱི་འཕྱོ་དངོས་དུས་ཐོག་ཏུ་གཙང་སེལ་བྱས་ཏེ་ཆུའི་སྦགས་བཙོག་དོན་རྐྱེན་ཐོན་རྒྱུ་གཏན་འགོག་བྱས་ཐོག་ཧན་ཅང་གཙང་པོའི་ཆུ་བོ་སྔོ་ཞིང་དྭངས་བ་ཡོང་བའི་འགན་ལེན་བྱས་པ་རེད།